ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་འགྲོ་གྲོན།


ཕྱི་ཟླ་༢་ཚེས་༢༧་ཉིན་གྱི་མཚན་དཀྱིལ་དེར་ཨ་མི་རི་ཀའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་འགྲོ་གྲོན་རྫོགས་ཀྱི་ཡོད་ཅིང་། གལ་སྲིད་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་དེའི་གོང་དུ་ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་འགྲོ་གྲོན་ཆོག་མཆན་འགོད་མ་བཀོད་ཚེ། ཨ་མི་རི་ཀའི་མཚོ་ཁ་སྲུང་དམག་དང་གནམ་ཐང་ཁག་གི་ཞིབ་བཤེར་པ་སོགས་ཚུད་པའི་ལས་བྱེད་པ་སྟོང་ཕྲག་མང་པོར་གླ་ཕོགས་སྤྲོད་མི་ཐུབ་པར་གྱུར་ཏེ། ཨ་མི་རི་ཀའི་རྒྱལ་ནང་བདེ་སྲུང་ལྷན་ཁང་སྒོ་བརྒྱབ་ནས་ལས་དོན་བསྒྲུབ་མི་ཐུབ་པར་འགྱུར་རྒྱུའི་ཉེན་ཀ་ཡོད་པ་དང་། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚོས་གྲོས་མོལ་བསྟུད་མར་བྱས་ནས་རྒྱལ་ནང་བདེ་སྲུང་ལྷན་ཁང་སྒོ་རྒྱག་མི་དགོས་པའི་ཞིག་ལ་བསྒྱུར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་ཆབ་སྲིད་ཀྱི་འགལ་ཟླ་ཆེ་བ་དང་ཤོག་ཁག་འདྲ་མིན་ཞིག་ཡོད་པས། ད་ལྟ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་དབང་སྒྱུར་བྱེད་ཡོད་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ལངས་ཕྱོགས་གཅིག་གྱུར་མེད་པར་ལས་དོན་ནུས་པ་ཐོན་པ་ཞིག་སྒྲུབ་ཐུབ་ཀྱི་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG