ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་རྣམས་ལ་མཐོང་ཆུང་བརྙས་བཅོས་མུ་མཐུད་དེ་ཕོག་གི་ཡོད་པ།


སྐད་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས། རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་རྣམས་ལ་མཐོང་ཆུང་བརྙས་བཅོས་མུ་མཐུད་དེ་ཕོག་གི་ཡོད་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་དཀའ་ངལ་མུ་མཐུད་དེ་འཕྲད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག དེ་ཡང་། དབྱིན་ཡུལ་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ལོ་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ་སྙན་ཐོ་འདོན་སྤེལ་བྱེད་ཀྱི་ཡོད་ཅིང་། སྤྱི་ལོ་༢༠༡༤ལོར། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་བྱུང་བའི་སྐོར་གྱི་སྙན་ཐོ་དེ་བཞིན། གཟའ་ལྷག་པའི་ཉིན། ཡོངས་ཁྱབ་འགྲེམས་སྤེལ་བྱས་ཡོད་པ་དེའི་ནང་། བོད་ཀྱི་སྐོར་དོན་ཚན་ཞིག་ཟུར་དུ་བཀོད་དེ། རྒྱ་ནག་གཞུང་གིས་བོད་མི་ལ་མཐོང་ཆུང་དབྱེ་འབྱེད་བྱེད་པའི་བྱ་སྤྱོད་མུ་མཐུད་དེ་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། བོད་མིའི་ཆོས་དད་རང་དབང་དང་། གཏམ་བརྗོད་རང་དབང་། འབྲེལ་གཏུགས་རང་དབང་ འདུ་འཛོམས་རང་དབང་བཅས་ལ་དམ་དྲག་བྱས་ཏེ། བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་ཚོ་ལོངས་སུ་སྤྱོད་དབང་ཡང་མེད་པ་འཐེར་འདོན་བྱས་ཡོད་འདུག

XS
SM
MD
LG