ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ཨི་རན་གཞུང་གི་རྡུལ་ཕྲན་གྲོས་མོལ་ལ་ཡར་རྒྱས་ཕྲན་བུ་བྱུང་པའི་གནས་ཚུལ།


ཨ་རི་དང་ཨི་རན་གཞུང་གིས་རྡུལ་ཕྲན་གྱི་གནད་དོན་ཐད་གྲོས་མོལ་བྱེད་རིམ་ལ་ཡར་རྒྱས་ཕྲན་བུ་བྱུང་པའི་གནས་ཚུལ་ཐོན་ཡོད་དེ་ཡང་གཟའ་མིག་དམར་ཉིན་སུད་སིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་། ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨི་རན་གྱི་རྡུལ་ཕྲན་གྱི་ལས་གཞིའི་སྐོར་གྲོས་མོལ་ཉིན་གཉིས་གནང་བའི་རྗེས་གྲོས་མོལ་དེ་བསམ་པ་རྣམ་དག་དང་། ཕན་ནུས་ཅན་ཞིག་བྱུང་ཞེས་བློན་ཆེན་གཉིས་ཀས་འགྲེལ་བརྗོད་གནང་ཡོད། ཨ་རིའི་གསར་ལམ་ཁག་ནང་དེའི་སྐོར་གནས་ཚུལ་ཐོན་པར་གཞིགས་ན། ཨི་རན་གྱིས་ཉུང་མཐར་ལོ་བཅུ་ཙམ་གྱི་རྗེས་སུ་རྡུལ་ཕྲན་གྱི་འབར་མདེལ་བཟོ་ཐུབ་རྒྱུའི་ཆེད་རྫས་སམ་རྒྱུ་ཆ་གསོག་ཐུབ་པའི་གན་རྒྱ་ཞིག་ལ་ཨ་རི་དང་ཨི་རན་གྱིས་འབད་རྩོན་བྱེད་བཞིན་ཡོད་ཅིང་། གན་རྒྱ་དེ་ནི་ཨ་རིའི་ཕྱོགས་ནས་འགྲིགས་འཇགས་ཆེན་པོ་བྱས་པ་མཚོན་གྱི་ཡོད་པས། ཨ་རིས་ཨི་རན་གྱི་རྡུལ་ཕྲན་ལས་དོན་ལོ་ཉི་ཤུ་ཙམ་འགྱངས་ཐབས་བྱས་ཡོད་པ་རེད།

XS
SM
MD
LG