ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་སྲུང་རྩིས་གནང་བ།


རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་རྩིས་གནང་འདུག་པ་དང་། ལོ་གསར་དགྱེས་སྟོན་དེ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཡོད་པའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་གོ་བསྒྲིགས་གནང་བ་ཞིག་ཡིན་ཅིང་། ལོ་གསར་གྱི་མཛད་སྟོན་དེར་ཝ་ཤིན་ཌོན་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ལས་ཁང་ཁག་གི་མི་སྣ་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་སོགས་མགྲོན་འབོད་གནང་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་གཙོས་ས་གནས་ཀྱི་བོད་མིའི་འགོ་ཁྲིད་རྣམས་ཀྱང་མགྲོན་འབོད་གནང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཡོད་བོད་དོན་འབྲེལ་མཐུད་པ་ལྕམ་ས་ར་ སེ་ཝལ་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཐེངས་དང་པོར་བོད་ཀྱི་ལོ་གསར་གྱི་དགའ་སྟོན་ཚོགས་འཛོམས་ལ་ཕེབས་མཁན་སྐུ་མགྲོན་རྣམ་པར་དགའ་བསུ་གནང་སྟེ་གསུངས་དོན་ལ་ ད་རིང་ལོ་གསར་གྱི་དགྱེས་སྟོན་འདི་ནི་བོད་པ་ཨ་རི་བ་ཚོའི་རིག་གཞུང་དང་འབྲེལ་ནས་སྲུང་རྩིས་གནང་གི་ཡོད་ཅེས་གསུངས་འདུག བཀའ་ཟུར་པ་རྒྱ་རི་བློ་་གྲོས་རྒྱལ་མཚན་ལགས་ཀྱིས་ད་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་དགའ་སྟོན་ཚོགས་འཛོམས་གནང་བ་དེ་ནི་ཨ་རི་གཞུང་གིས་བོད་ཀྱི་ཆོས་དང་ཐོུང་མ་ཡིན་པའི་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་རྒྱུའི་སྲིད་བྱུས་གཏན་ལ་ཕབ་ཡོད་པ་དེ་རྒྱུན་འཛིན་གནང་གི་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG