ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཕྷ་གྷནིས་ཐན་གྱི་སྤྱི་ཁྱབ་འགན་འཛིན་ཨབྷ དྷུ་ལ་ ཨབྷ་དྷུ་ལས་བློན་ཆེན་ལྷན་ཚོགས་ལ་གསུངས་དོན་ལ་ཏ་ལི་བྷན་སྒྲིག་འཛུགས་དང་ཞི་བའི་གྲོས་མོལ་དེ་མགྱོགས་པོ་འགོ་འཛུགས་གནང་གི་ཡིན་ཞེས་གསུངས་འདུག་པ་དང་། དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཞི་བའི་གྲོས་མོལ་གནང་རྒྱུ་ངེས་པའི་སྐོར་གནས་ཚུལ་ཐོན་རྗེས་སྤྱི་ཁྱབ་འགན་འཛིན་ཨབྷ་དྷུ་ལས་དེ་ལྟར་གནང་འཆར་ཡོད་པ་དེ་བདེན་པ་དག་བསྐྱེལ་གནང་བ་ཞིག་ཡིན་པ་མ་ཟད། གཞུང་འབྲེལ་མི་སྣ་ཚོས་གྲ་སྒྲིག་གི་ལས་དོན་བྱེད་བཞིན་ཡོད་ཅེས་གསུངས་འདུག་ཀྱང་། དངོས་གཞིའི་འགོ་འཛུགས་ཀྱི་དུས་ཚེས་སོགས་ཀྱི་སྐོར་ལ་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད། རེས་གཟའ་ཟླ་བའི་ཉིན་གཏམ་བཤད་གནང་བའི་ནང་ཁོང་གིས་གསུངས་དོན་ ཏ་ལི་བྷན་དང་ཞི་བའི་གྲོས་མོལ་བྱ་རྒྱུ་དེ་ཨཕྷ་གྷནིས་ཐན་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་མ་བྱས་པར་རྒྱལ་ཁབ་ཀྱི་མདུན་ལམ་ཆེད་བྱེད་ཀྱི་ཡིན་ཞེས་འགན་ལེན་གནང་འདུག་པ་དང་། ཞི་བའི་གྲོས་མོལ་ག་དུས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་ཡར་རྒྱས་ཀྱི་འགྱུར་གང་ཡོང་གི་ཡོད་པ་བཅས་རྒྱལ་ཡོངས་ལ་ཕྱིར་བསྒྲགས་གནང་རྒྱུར་ཁོང་གིས་ཁས་ལེན་གནང་གི་ཡོད་ཅེས་གསུངས་འདུག

XS
SM
MD
LG