ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གསར་འགྱུར་ཞིབ་བཤེར།


འདས་པའི་ཟླ་བ་བཞིའི་རིང་ལ་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་གིས་དྲ་རྒྱའི་ནང་དུ་སྤེལ་པའི་གནས་ཚུལ་ཁག་བསུབ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཧོང་ཀོང་མི་མང་ལ་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་མེད་པའི་གནས་སྟངས་ནི་འདས་པའི་ལོ་བཞིའི་གོང་གི་གནས་སྟངས་ལས་ཀྱང་སྡུག་ཏུ་སོང་ཡོད་པ་སྟེ། ཧོང་ཀོང་གི་གཞུང་འབྲེལ་མི་སྣ་ཚོར་བཅར་འདྲི་ཞུ་སྟངས་དང་མི་མང་གིས་དྲ་ལམ་ལ་གསར་འགྱུར་སྤེལ་ཕྱོགས་བཅས་ཀྱི་སྒྲིག་ཁྲིམས་ལ་བལྟས་ཚེ། ཧོང་ཀོང་གི་མི་དམངས་གཙོ་དོན་གཉེར་པ་ཚོ་མངའ་ཁུལ་དེའི་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཉམས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་ལ་རྡོག་རྫི་གཏོང་གི་ཡོད་པར་བློ་འཚབ་ཡོང་གི་ཡོད་པ་མ་ཟད། ཧོང་ཀོང་སློབ་གྲྭ་ཆེན་མོའི་ཕྱི་གསལ་ནང་གསལ་ཞིབ་འཇུག་པ་ཌར་སི་ཁེ་རི་སི་ཡིས་ཀྱང་དམངས་གཙོ་དོན་གཉེར་པ་ཚོར་བློ་འཚབ་ཡོང་གི་ཡོད་པ་རྒྱུ་མཚན་ལྡན་པ་དང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་དྲ་ལམ་གྱི་གནས་ཚུལ་བསུབ་དགོས་ཞེས་ནན་བརྗོད་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG