ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ནང་ཡོད་པའི་ཨ་རི་བ་རྣམས་ལ་ལོ་གསར་སྐབས་དོགས་ཟོན་བྱེད་དགོས་ལུགས།


རྒྱ་ནག་ཏུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་གིས་རང་གི་དྲ་རྒྱའི་ཐོག བདེ་འཇགས་དང་འབྲེལ་བའི་བརྡ་ཁྱབ་གཅིག་བཏང་ཡོད་པ་དེའི་ནང་། རྒྱ་མིའི་ལོ་གསར་གྱི་སྐབས་འཇིགས་བསྐུལ་རིང་ལུགས་པས། ཡུ་ནན་ཞིང་ཆེན་གྱི་རྒྱལ་ས་ཀུན་མཱིང་ནང་རྒོལ་བརྡུང་བྱ་རྒྱུའི་འཆར་གཞི་ངན་བཤོམས་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་ནང་གནས་ཚུལ་ཐོན་ཡོད་པ་དེ་ཚོ། བདེན་ལོད་གང་འདྲ་ཡིན་པ་ད་ལྟ་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག་ཀྱང་། ཨ་མི་རི་ཀ་བ་རྣམས་ཀྱིས་དུས་ཆེན་དེའི་རིང་ལ་ རང་གི་མཐའ་འཁོར་ལ་གནས་ཚུལ་ཇི་བྱུང་གི་ཐད་དོ་སྣང་བྱས་ཏེ། ཡིད་གཟབ་བྱེད་དགོས་པ་གལ་ཆེན་པོ་ཡིན་ཞེས་སློབ་སྟོན་གནང་ཡོད་པ་རེད། སྔ་ལོའི་ཕྱི་ཟླ་གསུམ་པར། གྲི་འཁྱེར་བའི་མི་ཚོ་ཁག་གཅིག་གིས་ ཀུན་མཱིང་གྲོང་ཁྱེར་གྱི་མེ་འཁོར་རི་ལིའི་བབས་ཚུགས་སུ། འགྲུལ་པ་གང་བྱུང་ལ་གྲི་བརྒྱབས་ཏེ་མི་གྲངས་༣༡བསད་པ་དང་། ༡༤༡ ལ་རྨས་སྐྱོན་བྱུང་ཡོད་ཅིང་། གྲི་རྒྱག་མཁན་དེ་དག་ཤིང་ཅང་གི་ཡུ་གུར་ཁ་ཆེ་ཡིན་ལུགས། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་ཡོད་པ་རེད།།

XS
SM
MD
LG