ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འཇིགས་བསྐུལ་རིང་ལུགས་ཕར་རྒོལ་བྱེད་པའི་རྒྱལ་སྤྱིའི་ལས་འགུལ་གྱི་ནང་རྒྱ་ནག་གིས་འགན་ཁུར།


རྒྱལ་ཁབ་མང་པོའི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་འཇིགས་བསྐུལ་ རིང་ལུགས་པར། རྒྱལ་སྤྱིའི་ཐོག་ནས། ཁ་གཏད་དང་། གདོང་ལེན་བྱེད་པའི་ ལས་འགུལ་ཁག་གི་ནང་། རྒྱ་ནག་གིས་འགན་ཁུར་ཤུགས་ཆེ་ཙམ་བླང་རྒྱུ་དེ་ནི། རྒྱ་ནག་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་ལུགས་རྒྱ་ ནག་གི་རྒྱལ་ས་པེ་ཅིང་ནང་རྟེན་གཞི་བྱས་པའི་ཕྷི་རན་སེའི་གཞུང་ཚབ་ཆེན་ མོས་བརྗོད་ཡོད་པ་རེད། དེ་ཡང་ཕྷི་རན་སེའི་་གཞུང་ཚབ་ཆེན་མོ་ཡིས་བརྗོད་དོན་ལྟར་ན། རྒྱ་ནག་རང་ཉིད་ལའང་འཇིགས་བསྐུལ་དྲག་སྤྱོད་པས་བརྡུང་རྡེག་བཏང་པའི་དཀའ་རྙོག་འཕྲད་མྱོང་ཡོད་པ་ལྟར། འཇིགས་བསྐུལ་རིང་ལུགས་པར་ཕར་རྒོལ་བྱེད་པའི་ལས་འགུལ་ཁག་གི་ནང་རྒྱ་ནག་གིས་ཐེ་བྱུས་མང་བ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་རེད།

XS
SM
MD
LG