ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གིས་དྲ་རྒྱ་དམ་དྲག་བྱེད་བཞིན་པའི་སྲིད་བྱུས་ལ་ནུབ་ཕྱོགས་ཀྱི་ཚོང་པ་ཚོས་སྐྱོན་བརྗོད།


རྒྱ་ནག་གིས་ཡུལ་དེའི་དྲ་རྒྱའི་བརྒྱུད་ལམ་ལ་དམ་དྲག་དང་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པའི་དབང་གིས། རྒྱ་ནག་ནང་ཚོང་ལས་གཉེར་བཞིན་པའི་ནུབ་ཕྱོགས་ཚོང་ལས་ཁང་ཁག་གི་ཚོང་གི་ལས་དོན་དང་། ཉམས་ཞིབ་བྱེད་སྒོ་། དེ་བཞིན་། ཚོང་ལས་རྒྱ་སྐྱེད་སོགས་ཀྱི་ལས་དོན་ལ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་ལུགས་ནུབ་ཕྱོགས་ཀྱི་ཚོང་ལས་ཁང་ཆེ་ཁག་གིས་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ལམ་རྒྱ་ནག་ནང་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་དང་ཡོ་རོབ་ཀྱི་ཚོང་ལས་མཐུན་ཚོགས་གཉིས་ཀྱིས། ཚོང་པའི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲངས་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་གསལ་ལ། རྒྱ་གཞུང་གིས་དྲ་རྒྱའི་རང་དབང་ལ་དམ་དྲག་བྱེད་བཞིན་པའི་རྐྱེན་གྱིས། རྒྱ་ནག་ནང་ཚོང་ལས་གཉེར་བཞིན་པའི་ནུབ་ཕྱོགས་ཀྱི་ཚོང་གཉེར་ཁང་ཚོའི་ཚོང་ལས་བྱ་བཞག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ལུགས་ ཨ་རིའི་ཚོང་པ་བརྒྱ་ཆ་༨༣ དང་། ཡོ་རོབ་གྱི་ཚོང་པ་བརྒྱ་ཆ་༨༦ ཙམ་གྱིས་འགྲེལ་བརྗོད་བྱས་ཡོད་ཅིང། དེ་བཞིན་། འདི་ལོ་རྒྱ་ནག་གཞུང་གིས་། ཡུལ་དེའི་དྲ་རྒྱར་དམ་དྲག་བྱེད་ཤུགས་ཆེ་རུ་གཏང་འགོ་བཙུགས་པའི་རྗེས་ནས་ རྒྱ་ནག་གི་ཚོང་གི་ཁོར་ཡུག་ཇེ་སྡུག་ཇེ་ཞན་དུ་ཕྱིན་ཡོད་ལུགས་ ཡོ་རོབ་ཀྱི་ཚོང་གཉེར་ཁང་ལྔ་ནས་བཞི་ཡིས་བསམ་ཚུལ་གཅིག་མཚུངས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་འཁོད་འདུག

XS
SM
MD
LG