ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་བློན་ཟུར་པ་ལིའི་ཕང་གི་བུ་མོས་དངུལ་ཁྱོན་ཆེ་ལྐོག་བཅོལ་ཡོད་པ།


འཛམ་གླིང་ཐོག་དཔོན་རིགས་དང་ རྒྱལ་བརྒྱུད་ སྲིད་དོན་པ་དེ་བཞིན་ཁྲིམས་འགལ་བ་སོགས་ཀྱིས་གསང་སྦས་སམ་ལྐོག་ཏུ་བཅོལ་འཇོག་བྱས་པའི་རྒྱུ་དངོས་ལ་རྟོག་ཞིབ་བྱེད་མཁན་རྒྱལ་སྤྱིའི་རྟོག་ཞིབ་ཀྱི་གསར་འགོད་པའི་མཐུན་ཚོགས་ཟེར་བས་རྒྱ་ནག་གི་སྲིད་བློན་ཟུར་པ་དེ་སྔ་༡༩༨༩ ལོའི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་ཐོག་འབྲེལ་བ་གཙོ་བོ་ཡོད་པ་ལིའི་ཕང་གི་བུ་མོ་ལིའི་ཞའོ་ལིང་དང་བཟའ་ཟླས་༢༠༠༦ ནས་༢༠༠༧ལོ་བར་སུད་སི་ཡི་དངུལ་ཁང་ཞིག་ནང་དངུལ་འཛིན་མི་འདྲ་བ་ལྔའི་ཐོག་ནས་ཨ་སྒོར་ས་ཡ་༢༤༥ ལྐོགཏུ་བཅོལ་འཇོག་བྱས་ཡོད་པ་དང་དངུལ་འབོར་དེ་དག་པྷ་ན་མ་རྒྱལ་ཁབ་ནང་ཐོ་འགོད་བྱས་པའི་ཕྱིའི་ཁེ་ལས་ཁང་ཞིག་གི་མིང་ཐོག་ནས་བཞག་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG