ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁམས་དཀར་མཛེས་རྫོང་ཐོག་ཏུ་གྲྭ་བ་ཞིག་གིས་ཞི་བའི་སྐད་འབོད་གནང་།


ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་ཀྱི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་དང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟ་གང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་ཅི་ཡང་ཤེས་ཐུབ་ཀི་མེད། དེ་ཡང་བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ་གཉིས་ཀྱི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༦ ཉིན་གྱི་ཕྱི་དྲོར་གྲྭ་པདྨ་རྡོ་རྗེ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་“ྋརྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་”ཅེས་འབོད་ཚིག་བསྒྲགས་པ་དང་། ཅུང་ཙམ་ལས་མ་འགོར་བར་རྒྱ་ནག་གི་ཉེན་རྟོག་པ་བདུན་བརྒྱད་ཅིག་སླེབས་ཏེ། གཅར་རྡུང་བཏང་ནས་ཁོང་གི་ཁ་སྣ་སོགས་ནས་ཁྲག་འཛར་བཞིན་བཙན་འཁྲིད་བྱས་ཡོད་འདུག གྲྭ་པདྨ་རྡོ་རྗེ་ལགས་ནི་སྡེ་དགེ་རྫ་ཁོག་རྫ་དགོན་གསར་དགོན་པའི་གྲྭ་པ་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༡༧ ཡིན་འདུག ཕ་མིང་ལ་ལྷ་རྒྱལ་དང་། མ་མིང་ལ་རྨེ་གཡང་ཟེར། དེ་སྔོན་ཁོང་གིས་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་ཡོད། ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་གནས་སྟངས་ག་འདྲ་ཡིན་པ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

XS
SM
MD
LG