ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་གྱིས་བྱང་ཤར་གྱི་ས་མཚམས་རྒྱུད་དུ་སྲུང་སྐྱོབ་ཀྱི་ལས་དོན་ཁག་ཡར་རྒྱས་གཏོང་རྒྱུ་ཡིན་པ།


རྒྱ་གར་གྱིས། རྒྱ་ནག་དང་ས་མཚམས་འཁེལ་སའི་ས་ཁུལ་ཁག་གི་འཛུགས་ བསྐྲུན་གྱི་ལས་འཆར་ཁག་ལ་ཡར་རྒྱས་བཏང་སྟེ། རང་ངོས་ནས་དམག་འཐབ་ བྱ་རྒྱུར་གྲ་སྒྲིག་ཆ་ཚང་ཡོད་པ་བྱ་རྒྱུ་གལ་ཆེ་ཡིན་པར་བརྟེན། ཡར་རྒྱས་གཏོང་དགོས་ ངེས་ཅན་གྱི་ལས་དོན་དེ་དག་གི་ཐོག་ཤུགས་གནོན་རྒྱག་བཞིན་པ་ཡིན་ཞེས་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེ་ R.K.Mathur ཡིས། རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་བྱང་ཤར་ མངའ་སྡེ་ Tripuraཡི་རྒྱལ་ས་Agartala་རུ་གསར་འགོད་པ་རྣམས་ལ་བརྗོད་ ཡོད་པ་དང་། རྒྱ་ནག་དང་སྲུང་སྐྱོབ་ཀྱི་ཐད་གྲོས་མཐུན་འཇོག་ཐུབ་ཐབས་མེད་པས། རྒྱ་ནག་དང་ས་མཚམས་འཁེལ་བའི་ས་ཁུལ་ཁག་གི་འཛིན་སྐྱོང་བྱ་ཕྱོགས་སུ་གྲོས་མཐུན་ཡོང་ཐབས་ཀྱི་ཆེད་དུ། ས་མཚམས་ཀྱི་རྩོད་རྙོག་དེ་དག་སེལ་ཐབས་ཇེ་དགེའི་ཐད་གྲོས་མཐུན་ཡོང་ཐབས་ཀྱི་འབད་བརྩོན་ངེས་པར་དུ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

XS
SM
MD
LG