ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།


བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༡༤་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ཕྱི་ཟླ་༢་ཚེས་༧་ཉིན་འདོན་གྱི་ཡོད་ཅིང་། ད་ལོའི་སྙན་ཐོ་དེ་བོད་རྒྱ་དབྱིན་གསུམ་ལ་བལྟ་ཀློག་བྱ་རྒྱུ་ཡོད་པ་དང་། ལྷག་པར་དུ་རྒྱ་ཡིག་ལ་སྙན་ཐོ་དེ་འདོན་སྤེལ་བྱས་པ་ཐེངས་དང་པོ་ཡིན་པས། ལྟེ་གནས་ཁང་དེས་སྙན་ཐོ་མ་བཏོན་གོང་དུ་སྔོན་འགྲོའི་འགྲེལ་བཤད་ཀྱི་ཚུལ་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་སྟངས་མི་འདྲ་བ་གསུམ་གཙོ་བོར་བཟུང་ཡོད་པ་དེའི་ཁོངས་སུ་མི་འཛིན་བཟུང་དང་བཀག་ཉར་འོག་ཏུ་འདས་གྲོངས་སུ་གྱུར་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་ཁོངས་སུ་ཚུད་པ་དང་འབྲེལ་བ་ཡོད་པའི་བོད་པའི་འཕྲོད་བསྟེན་དང་སློབ་གསོའི་ཚད་གཞི་སྐྱོ་བོ་ཡོད་པ། བོད་ནང་གི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཐེབས་པ་དང་བོད་པ་ཚོར་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་བཅས་ལ་དབྱེ་ཞིབ་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG