ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད་ལ་རྒྱ་ནག་གི་རྒོལ་གཏམ།


ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་རང་དབང་དང་འགྲོ་བ་མིའི་ཆེ་མཐོང་གི་འཐབ་རྩོད་ལ་སེམས་སྐུལ་ཐེབས་སུ་འཇུག་མཁན་ཞིག་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གྲོགས་པོ་བཟང་པོ་ཞིག་ཡིན་ཞེས་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ཏུ་བསྔགས་བརྗོད་གནང་སྟེ། ཕྱི་ཟླ་༢་ཚེས་༦་ཉིན་རྒྱ་ནག་གི་གསར་ཤོག་ཁག་གིས་སྲིད་འཛིན་ཨོ་བྷ་མར་ཉོག་དྲ་སློང་མཁན་ཞེས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། ཕྱི་རྒྱལ་གྱི་འགོ་ཁྲིད་སུ་འདྲ་ཞིག་གིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ན་རྒྱ་ནག་གི་དེ་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཏཱ་ལའི་བླ་མ་འབྲེལ་ཡོད་རྒྱལ་ཁབ་དེར་ཆབ་སྲིད་ཀྱི་རྡོག་ཁྲེས་ཤིག་ཡིན་པས། རྒྱལ་ཁབ་དེའི་འགོ་ཁྲིད་ཀྱིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ན་རྒྱ་ནག་ལ་འབྲེལ་བ་སྡུག་ཏུ་སོང་ནས་མཇུག་འབྲས་ངན་པ་ཞིག་སྨིན་སྲིད་ཅེས་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་རྒོལ་གཏམ་བཏང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG