ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་ཚེས་ལྔའི་ཉིན་སྔ་དྲོ་ཆུ་ཚོད་གཉིས་ཙམ་གྱི་རིང་། རྒྱལ་ཡོངས་སྨོན་ལམ་གསོལ་འདེབས་དང་འབྲེལ་བའི་ལྷན་ཚོགས་སུ་སྲིད་འཛིན་གྱིས་དབུས་པའི་གནད་ཡོད་མི་སྣ་མང་པོ་ཆེད་ཕེབས་གནང་བའི་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་བཅས་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་སྲིད་འཛིན་ཨོ་བྷ་མ་ཡིས།༧གོང་ས་མཆོག་ལ་ཕེབས་བསུ་དང་ཐུགས་རྗེ་ཆེ་ཞུས་ཏེ། ༧གོང་ས་ཏཱ་ལའི་བླ་མ་ནི་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་ཆེ་མཐོང་དར་ཁྱབ་ཏུ་གཏོང་བའི་འབོད་སྐུལ་གནང་མཁན་ཞིག་ཡིན་པས། ཁོང་ཉིད་དེ་རིང་སྨོན་ལམ་གསོལ་འདེབས་པ་ལ་ཕེབས་པར་བཀའ་དྲིན་ཆེན་པོ་ཡིན་པ་གསུངས་ཡོད། དེ་བཞིན་རྒྱལ་ས་ཝ་ཤིན་ཀྲོན་གྱི་མངའ་ཁུལ་དང་ནིའུ་ཡོག་ནིའུ་ཇར་སི་ནས་ཆེད་དུ་བཅར་བའི་བོད་མི་ཚོས་༧གོང་ས་ཕེབས་བསུ་གཟབ་རྒྱས་གནང་བ་སོགས་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱས་ཡོད།

XS
SM
MD
LG