ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་གནམ་གྲུ་བརྡབ་སྐྱོན།


དེ་རིང་ཞོགས་པར་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་ཐེ་ཝན་རྒྱལ་ནང་དུ་འཕུར་སྐྱོད་བྱེད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་སྟེ་མི་༢༣་ལ་སྲོག་སྐྱོན་བྱུང་འདུག གནས་ཚུལ་ཐོན་པ་ལྟར་ན་གནམ་གྲུའི་ནང་གི་འགྲུལ་པ་རྣམས་ནི་རྒྱ་ནག་སྐམ་ས་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ཞིང་། གཟའ་ལྷག་པའི་ཞོགས་པར་ཨེ་ཤི་ཡ་བརྒལ་སྐྱོད་ཀྱི་འགྲུལ་སྐྱེལ་གནམ་གྲུ་གསར་པ་དེ་གྲོང་ཁྱེར་གྱི་ཟམ་ཆེན་ཞིག་ཡོད་པ་དེའི་སྟེང་དུ་བརྡར་ཏེ་ཆུ་ནང་དུ་བརྡབ་སྐྱོན་བྱུང་བ་དང་། ད་ལྟ་གསར་འགྱུར་ཆེས་གསར་ཤོས་སུ་འགྲུལ་པ་༢༣་ལ་སྲོག་སྐྱོན་དང་མི་གཞན་པ་༡༠་ལ་རྨས་སྐྱོན་ཕོག་ནས་ཛ་དྲག་གི་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། ད་དུང་མི་༢༠་ཙམ་རྙེད་སོན་བྱུང་མེད་པ་དང་གནམ་གྲུ་དེའི་ནང་དུ་བྱིས་པ་ལོ་ཆུང་བཞི་གཙོས་འགྲུལ་པ་མི་གྲངས་༥༨་་ཡོད་པ་རྣམས་རྒྱ་ནག་སྐམ་ས་ཆེན་མོའི་ཞཱ་མེན་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་པ་དང་། གནམ་གྲུ་དེ་ཡུ་རོབ་མཁའ་ལམ་བཟོ་ལས་ཁང་གིས་བཟོ་བསྐྲུན་བྱས་པའི་གནམ་གྲུ་གསར་བ་ཞིག་ཡིན་པ་མ་ཟད། གནམ་གྲུ་དེས་འགྲུལ་པ་སྐྱེལ་འདྲེན་བྱས་ནས་ལོ་གཅིག་ཀྱང་སོང་མེད་པ་དང་། གནམ་གྲུ་འདི་དང་རིགས་གཅིག་པ་ཞིག་ལོ་སྔོན་མའི་ནང་དུའང་བརྡབ་སྐྱོན་བྱུང་སྟེ་མི་༤༨་རྐྱེན་འདས་སུ་གྱུར་རུང་། ད་སྔ་གནམ་གྲུ་འདིར་བརྡབ་སྐྱོན་བྱུང་དོན་གྱི་རྒྱུ་རྐྱེན་ཅི་ཡིན་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG