ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་རིགས་རུས་དམན་པའི་ཐོབ་ཐང་དང་བུ་མོ་བཙན་ཁྲིད།


བལ་ཡུལ་ལ་རིགས་རུས་མཐོ་དམན་གྱི་ཁྱད་པར་དང་ཐོབ་ཐང་ཆེ་ཆུང་ལ་གཞིགས་ཏེ་རིགས་རུས་དམན་པ་ཚོར་གང་ཅིའི་ཐད་དུ་འདྲ་མཉམ་ཞིག་འཐོབ་ཀྱི་མེད་པ་དང་། ཁོང་ཚོས་རིགས་རུས་གཞན་ལ་གཉེན་སྒྲིག་བྱ་སྲོལ་ཡང་མེད་ཅིང་། ད་དུང་འཚོ་བའི་ཆ་ནས་ཀྱང་རྒྱུན་ལྡན་གྱི་མཉམ་ཟ་མཉམ་འཐུང་བྱ་རེས་མེདཔ་མ་ཚད། རིགས་རུས་དམན་པ་ཚོའི་ཕྲུ་གུ་རྣམས་སློབ་གྲྭ་ཁག་གི་ནང་དུའང་གཅིག་མཚུངས་སུ་གཏོང་ཐུབ་ཀྱི་མེད་པ་རེད། བལ་ཡུལ་གྱི་རིགས་རུས་དམན་པ་ཚོའི་བུ་མོ་རྣམས་ལོ་ན་ཆུང་དུས་ནས་བཙན་དབང་གིས་གཉེན་སྒྲིག་བྱེད་དུ་འཇུག་པའི་ལམ་ལུགས་ཤིག་ཀྱང་དར་རུང་། ད་ཆ་དམངས་གཙོའི་ལམ་ལུགས་འོག་ཏུ་འགྱུར་ལྡོག་མང་པོ་ཞིག་ཐེབས་པའི་རྐྱེན་གྱིས་ བལ་ཡུལ་གྱི་རིགས་རུས་དམན་པ་ཚོའི་གནས་སྟངས་བཟང་དུ་འགྲོ་བཞིན་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG