ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁོར་ཡུག་ལ་གནོད་སྐྱོན་གཏོང་རྒྱུ་མཚམས་འཇོག་ཡོང་ཐབས་སུ་དམིགས་ཏེ་བོད་མི་རྣམས་ཀྱིས་ངོ་རྒོལ།


New Report Details Tibetan Protests Against Environmental Degradation and Exploitation

བོད་གནས་ཉམས་ཞིབ་པའི་ཚོགས་པ་ཞིག་གིས། ཕྱི་ཟླ་གཉིས་པའི་ཚེས་ ༢ ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་དེའི་ནང་། རྒྱ་ནག་གིས། གཏེར་ཁ་ སྔོག་འདོན་བྱེད་པ་སོགས་ཀྱིས། བོད་ཀྱི་རང་འབྱུང་ཁོར་ཡུག་བེད་སྤྱོད་ལོག་ པར་གཏོང་གི་ཡོད་པར། བོད་མི་རྣམས་ཀྱིས། གདོང་ལེན་དང་འགོག་རྒོལ་གྱི་ ཐབས་བྱུས་བསྟེན་པའི་གནས་ཚུལ་ཁག་ཞིབ་ཕྲ་འཁོད་ཡོད་པ་རེད། བོད་རང་ དབང་ཚོགས་པ་ཞེས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་ པས་འགན་འཁུར་བླངས་ཏེ་ཞིབ་འཇུག་བྱས་པའི་སྙན་ཐོ་དེའི་ནང་། བོད་ རྒྱ་ཁྱབ་ཀྱི་ས་ཁུལ་ཁག་ཏུ། ཁོར་ཡུག་དང་འབྲེལ་བའི་ངོ་རྒོལ་བྱེད་མཁན་ བོད་མི་རྣམས་ཀྱིས། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་ཁག་ལ། མོས་ མཐུན་མེད་པའི་འགོག་རྒོལ་བྱེད་པའི་སྐབས་སུ། རྣམ་དཔྱོད་ལྡན་པའི་ཐབས་ བྱུས་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་རྣམས་ཀྱིས། བོད་མི་རིགས་ཀྱི་དཀའ་སྡུག་ཁག་ལ་བསམ་ཤེས་བྱ་རྒྱུའི་ཚབ་ཏུ། བོད་མི་ ངོ་རྒོལ་བ་དེ་དག་ལ་བཙན་གནོན་གྱི་བྱ་ཐབས་ཡང་ཡང་བེད་སྤྱོད་བྱེད་ཀྱི་ ཡོད་པ་སོགས་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་རེད།

XS
SM
MD
LG