ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མ་དང༧གོང་ས་མཆོག་རྒྱལ་ཡོངས་སྨོན་ལམ་གསོལ་འདེབས་དང་ཞོགས་པའི་གསོལ་ཚིགས་ནང་ལྷན་ཞུགས་གནང་རྒྱུ་ཡིན་པ།


ཨ་མེ་རི་ཀའི་རྒྱལ་ཡོངས་སྨོན་ལམ་གསོལ་འདེབས་དང་ཞོགས་པའི་གསོལ་ཚིགས་དེ་བཞིན། རེས་གཟའ་ཕུར་བུར་གནང་རྒྱུ་ཡིན་པ་དེའི་སྐབས་སུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ལྷན་ཞུགས་གནང་རྒྱུ་ཡིན་པའི་གནད་དོན་གྱི་ཐད། རྒྱ་ནག་གི་གཞུང་འབྲེལ་མི་སྣ་རྣམས་ལ་ཁོང་ཁྲོ་ལང་སྲིད་པ་རེད། སྲིད་འཛིན་ཨོ་བྷ་མ་མཆོག་གིས། ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན་ལོ་རེའི་རྒྱལ་ཁབ་ཀྱི་སྨོན་ལམ་གསོལ་འདེབས་དང་ཞོགས་པའི་གསོལ་ཚིགས་ཀྱི་ནང་མཉམ་བཞུགས་གནང་པའི་ཕྱི་ནང་གི་སྐུ་མགྲོན་མི་གྲངས་སུམ་སྟོང་ལྔ་བརྒྱ་ལྷག་ཡོང་རྒྱུ་ཡིན་པ་རྣམས་ལ། ཆོས་དད་རང་མོས་ཀྱི་གལ་གནད་ཐད། གསུང་བཤད་གནང་རྒྱུ་ཡིན་པ་དང་། མགྲོན་འབོད་ཞུས་པའི་མི་སྣ་ཁག་གི་ཁོངས་ནས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་མཚོན་རྟགས་མངོན་གསལ་དོད་ཤོས་ཡིན་པ་དེ་རྩོད་མེད་ཆགས་ཡོད་པ་རེད།

XS
SM
MD
LG