ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཐོག་རྡོལ་རོལ་གཏོང་ཤུགས་ཆེ་རུ་ཕྱིན་ཡོད་པ།


ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གནས་གཞི་བྱས་ཏེ་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་ནང་འདས་པའི་མི་ལོ་༢༥་རིང་བྱུང་མེད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོལ་རོལ་གཏོང་ཤུགས་ཆེ་རུ་ཕྱིན་ཡོད་པ་འགྲེལ་བརྗོད་བྱས་པ་དང་ཆབས་གཅིག་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་མི་སྣ་ཁག་ལ་བཀའ་དྲི་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG