ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐང་སྐོར་གྱི་འབྲོག་པ་ཚོས་གྲོང་ཁྱེར་དུ་ངོ་རྒོལ་བྱེད་པ།


Kaliforniyada yanğınlar
Kaliforniyada yanğınlar

ད་ལྟའི་ཆར་སི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་ཆབ་སྲིད་གྲོས་ཚོགས་གཉིས་འཚོག་བཞིན་པའི་སྐབས་འདིར། སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་མི་མང་གིས་རང་གི་ས་ཆ་གཞུང་གིས་བཙན་འཕྲོག་བྱེད་པའི་དཀའ་ངལ་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་ལ། དེའི་ཁྲོད་དུ་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་མང་གི་འཐུས་ཚབ་བཅུ་ཡིས་ཀྱང་། “སྲོག་ལ་བབ་ཀྱང་ས་ཆ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཁྲིམས་འགལ་གྱིས་ས་ཆ་འཕྲོག་པར་ངོ་རྒོལ་བྱ་རྒྱུ་ཡིན།" “ས་ཆ་བཙན་འཕྲོག་བྱས་པས་ང་ཚོ་རང་ཁྱིམ་ལ་ལོག་ས་མེད།”ཞེས་བྲིས་ཡོད་པའི་འཕྲེད་དར་སྒྲེང་སྟེ་ཞུ་གཏུག་གི་་ཁྲོམ་སྐོར་བྱེད་ཀྱི་ཡོད་འདུག ཡིན་ན་ཡང་སྐབས་དེའི་གནས་ཚུལ་མིག་མཐོང་བྱུང་མཁན་ཚོས་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱེད་ལྟར་ན། བོད་མི་ཚོས་ཞུ་གཏུག་ཀྱི་གོམ་བགྲོད་བྱས་ཏེ་སྐར་མ་གཅིག་ལས་མ་སོང་བར་ཉེན་རྟོག་པ་ལྔ་བཅུ་ཙམ་འབྱོར་ཏེ་བོད་མི་རྣམས་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་དུ་བླུགས་ཏེ་བཙན་ཁྲིད་བྱས་ཡོད་འདུག གསར་ལམ་ཁག་ཏུ་འབྱོར་བའི་འདྲ་པར་ཁག་ལས་ཤེས་གསལ་ལྟར་ན། བོད་ཆས་སྤྲས་པའི་བོད་མི་ཁག་ཅིག་གིས་གྲོང་ཁྱེར་ཆེན་པོ་ཞིག་གི་སྲང་ལམ་དུ་འཕྲེད་དར་སྒྲེང་སྟེ་གོམ་བགྲོད་བྱེད་བཞིན་པ་དང་། གྲོང་ཁྱེར་གྱི་མི་མང་པོས་ཁོ་ཚོའི་གོམ་བགྲོད་ལ་བལྟས་ཡོད་པ། སྒྲིག་ཆས་གྱོན་པའི་ཉེན་རྟོག་པ་མང་པོས་ཁོ་ཚོའི་ལག་ནས་འཕྲེད་དར་འཕྲོག་བཞིན་པ། བོད་མི་གཅིག་གི་མདུན་ལ་ཉེན་རྟོག་པ་ལྔ་ཙམ་ལངས་ཏེ་འཕྲེད་དར་འཕྲོག་བཞིན་པ་སོགས་མཐོང་རྒྱུ་འདུག དེ་ནས་ཡང་འདྲ་པར་གཅིག་གི་ནང་དུ་བོད་མི་ཚོ་ས་རུ་བསྡད་དེ་ཞུ་གཏུག་བྱེད་བཞིན་པ་དང་དེའི་འཁྲིས་སུ་དྲག་ཆས་སྤྲས་པའི་བདེ་སྲུང་མི་སྣའམ་ལྭ་བ་སྔོན་པོ་གྱོན་པའི་ཉེན་རྟོག་མི་སྣ་གྲལ་བསྟར་བསྒྲིགས་འདུག་ཅིང་།

འདི་ཀ་རླུང་འཕྲིན་ཁང་ལ་བོད་ནང་གི་གནས་ཚུལ་འགྲེལ་བརྗོད་པ་ཞིག་གིས་ངོ་སྤྲོད་བྱེད་པ་ལྟར་ན། ལོ་ལྔ་ལྷག་གི་གོང་ལ་མཛོད་དགེ་ཐང་སྐོར་གྱི་རུ་ཁག་གཉིས་པའི་འབྲོག་ས་རུ་གཞུང་གི་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་བཤད་དེ་ས་ཆ་བཙན་འཕྲོག་བྱེད་པ་དང་། དེའི་རྗེས་ལོ་མང་པོའི་རིང་ས་གནས་འབྲོག་མང་གིས་མཛོད་དགེ་རྫོང་ཐོག་ལ་སོང་ནས་ཞུ་གཏུག་བྱས་ཀྱང་འགན་ལེན་དང་ཐག་གཅོད་བྱེད་མཁན་གང་ཡང་མ་བྱུང་བས། ཐེངས་འདིར་འབྲོག་མང་གི་སྐུ་ཚབ་འཐུས་མི་བཅུ་ལྷག་ཁྲིན་ཏུའུ་གྲོང་ཁྱེར་དུ་ཞུ་གཏུག་བྱེད་པར་བསྐྱོད་ཡོད་ཀྱང་། ཁོང་ཚོ་བཙན་ཁྲིད་བྱས་པའི་རྗེས་ད་ལྟའི་ཆར་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG