ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་གྲོགས་པོ་རྙིང་པ་ཞིག་ལ་དྲན་གསོ་གནང་ཡོད་པ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། འདི་ཟླའི་ཚེས་ཉི་ཤུ་རྩ་བདུན་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་། བོད་ཀྱི་གྲོགས་པོ་རྙིང་པ་སྐུ་བཤེགས་ ཤཱི་རི་ ཀུལ་ བྷུ་ཤན་ བྷག་ཤཱི་དམ་པ་དེ་ཉིད་ལ་དྲན་གསོ་དང་། གུས་འདུད་ཞུ་བའི་མཛད་སྒོ་ཞིག་གཙོ་སྐྱོང་གནང་ཡོད་ཅིང་། དམ་པ་དེ་ཉིད་ནི། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་བདུན་ལོ་ནས་བཟུང་དེ། བློ་སེམས་འགྱུར་བ་མེད་པར། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཧ་ཅང་ཉེ་བའི་གྲོགས་པོ་ཞིག་ཀྱང་ཡིན་པ་རེད།

XS
SM
MD
LG