ངོ་འཕྲད་བདེ་བའི་དྲ་འབྲེལ།

ངོ་དེབ་ཀྱི་ལས་ཁུངས་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་བཀག་འགོག་མི་བྱ་བའི་འབོད་བསྐུལ།


ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གྱིས། ཕྱི་ཟླ་དང་པོའི་ཚེས་ ༢༧ ཉིན། ཨ་མེ་རི་ཀའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཁ་ལེ་ཕོ་ནི་ཡར་རྟེན་གཞི་བྱས་པའི་ངོ་དེབ་དྲ་རྒྱའི་དབུས་ལས་ཁུངས་སུ་ཆེད་བཅར་གྱིས། ངོ་དེབ་ཀྱི་དྲ་རྒྱས། བོད་དོན་དང་འབྲེལ་བའི་གནས་ཚུལ་རྣམས་ངོ་དེབ་ཀྱི་ནང་ནས་བསུབ་འདོན་མི་བྱ་བའི་འབོད་བསྐུལ་གྱི་ཞུ་སྙན་དོ་སྣང་གཉིས་པ་ཞེས་པ་ཞིག་ཕུལ་ཡོད་པ་དང་། དོ་སྣང་གཉིས་པ་ཞེས་པའི་སྙན་ཞུ་འདི་འདྲ་ཞིག་ཞུ་ཕུལ་དགོས་དོན་ནི། ཉེ་སྔོན་བོད་མི་རྩོམ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས། བོད་ཀྱི་ནང་དགེ་འདུན་པ་ཞིག་གིས། རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ། རང་ལུས་མེར་བསྲེགས་བཏང་པ་ཞིག་ངོ་དེབ་ཀྱི་ཐོག་འགྲེམས་འཇོག་བྱས་པ་ཞིག ངོ་དེབ་ལས་ཁུངས་ཀྱིས་བསུབ་འདོན་བྱས་པ་ལ་བརྟེན་ནས། མ་འོངས་པར་བོད་ ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་གྱི་རིགས་བསུབ་འདོན་མི་བྱ་བའི་ ཆེད་དུ་ཡིན་པ་དང་། སྙན་ཞུ་དེར་འཛམ་གླིང་ཡོངས་ཁྱབ་ནས་མི་གྲངས་ཉིས་ ཁྲི་ལྷག་གིས་རྒྱབ་སྐྱོར་གྱི་ས་རྟགས་བཀོད་ཡོད་པ་རེད།

XS
SM
MD
LG