ངོ་འཕྲད་བདེ་བའི་དྲ་འབྲེལ།

ཆོག་མཆན་མི་ཐོབ་པའི་རྐྱེན་གྱིས་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད།


འདི་ཟླའི་ཕྱི་ཚེས་བཅུ་བཞི་ཉིན་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཁྱུང་ཉིན་སྡེ་བའི་སྒེར་གཉེར་སློབ་གྲྭ་ཞིག་ལ་ཆོག་མཆན་མི་ཐོབ་པའི་རྐྱེན་གྱིས་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད། སློབ་གྲྭ་དེ་ཡ་རྫི་རྫོང་ཁོངས་ཀྱི་འཕྲལ་སེལ་དགེ་རྒན་ཞིག་གིས་བཙུགས་པ་དང་སློབ་གྲྭ་དེར་སློབ་ཕྲུག་ ༢༤ ཡོད་པ་དང་སློབ་གྲྭ་དེ་ཡ་རྫི་རྫོང་ཁྱུང་ཉིན་སྡེ་བ་རུ་བཙུགས་ཏེ་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ཅིང་། ཡ་རྫི་ས་ལར་རང་སྐྱོང་རྫོང་སློབ་གསོ་ཁང་ཞེས་པའི་ཞིབ་བཤེར་མ་བརྒྱུད་པར་རང་དགར་སློབ་གྲྭ་གཉེར་བའི་ཉེས་འཛུགས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་སློབ་མཚམས་འཇོག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ ཁང་གི་ལས་བྱེད་བསྟན་འཛིན་པདྨ་ལགས་ཀྱིས་འདས་པའི་ལོ་གཉིས་གསུམ་ནང་བོད་དུ་སྒེར་གཉེར་སློབ་གྲྭ་མང་དག་སྒོ་རྒྱག་ཡོད་པ་དང་། འོན་ཀྱང་སྒེར་སློབ་གྲྭ་མི་ཉུང་བ་ཞིག་གིས་ས་གནས་སུ་ ཡིག་རྨོངས་ཀྱི་དཀའ་ངལ་སེལ་བ་དང་། སྐད་ཡིག་སྤྱོད་ཐུབ་པའི་སློབ་ཁྲིད་བྱས་པ་མ་ཟད་སློབ་ཕྲུག་ཁག་གཅིག་ལ་ལག་ཤེས་སྦྱོང་རྒྱུའི་གོ་སྐབས་བསྐྲུན་ཏེ་མི་སྒེར་དང་སྤྱི་ཚོགས་རྒྱལ་ཁབ་བཅས་ལ་ཕན་ཐོགས་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG