ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ།


རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༤ལོར་བོད་དང་ ཧོང་ཀོང་ མ་ཀའོ་བཅས་ཀྱི་ནང། གསར་འགོད་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པའི་ཐད། རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རེས་གཟའ་ཟླ་བའི་ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་དང་ དེའི་ནང་བོད་ལ་ཆ་བཞག་ན་ བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པ་དང་ ལྷག་པར་དུ་ རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་བོད་མི་འགའ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དེ་དག་གི་སྐོར་རྒྱ་ནག་སྐམ་སའི་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་གང་ཡང་སྤེལ་མེད་ཅིང་ དེ་འདྲའི་གནས་ཚུལ་བྱུང་ཡུལ་དུ་ཡང་རང་དབང་ཅན་གྱི་གསར་འགྱུར་འགོད་སྤེལ་བྱེད་མཁན་རྣམས་འགྲོ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་སོགས་ལ་བལྟས་ན་ འདས་པའི་ལོའི་ནང། རྒྱ་ནག་གི་མཐོ་རིམ་མི་སྣ་ཚོས་གོང་ཞུས་ས་གནས་དེ་དག་གི་ནང་གསར་འགོད་རང་དབང་ལོངས་སུ་སྤྱོད་མི་ཆོག་པའི་དམ་བསྒྲགས་མུ་མཐུད་ནས་བྱས་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG