ངོ་འཕྲད་བདེ་བའི་དྲ་འབྲེལ།

དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མང་གཙོའི་ཉིན་མོར་འཚམས་འདྲི།


དེ་རིང་ནི་རྒྱ་གར་དུ་མང་གཙོའི་ཉིན་མོ་ཡིན་པས་རྒྱ་གར་གཞུང་དམངས་ཀྱིས་དགའ་སྤོབས་ཆེན་པོ་བྱེད་པའི་ཉིན་མོ་དེ་ལ་འཚམས་འདྲི་མཚོན་ཆེད་བཞུགས་སྒར་རྡ་རམ་ས་ལར་དཔལ་ལྡན་སྲིད་སྐྱོང་དབུས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འཛིན་དབུ་ཁྲིད་རྣམ་པས་མཛད་སྒོ་ཞིག་གཙོ་སྐྱོང་གནང་ཡོད་པ་དང་ དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐེངས་༦༦པ་དེའི་ཐོག་ཨ་རིིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཕེབས་དེར་དགའ་བསུ་ཞུ་རྒྱུ་དང་དེ་ནི་འཛམ་གླིང་ནང་ནས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་དབར་མཐུན་སྒྲིལ་གོང་འཕེལ་གྱི་རྣམ་པ་ཞིག་ཡིན་སྟབས་བོད་མི་ཚོའི་ངོས་ནས་དགའ་བ་སྐྱེས་གཞི་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ཅེས་སོགས་གསུང་བཤད་གནང་བའི་སྐོར་དང་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་མི་ཚོས་དུས་ཆེན་དེ་ལྟ་བུ་རྒྱ་གར་མི་མང་དང་མཉམ་སྤྱོད་བྱེད་རྒྱུ་གལ་ཆེ་ཡིན་ཞེས་གསུངས་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG