ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མ་སོ་ཊི་ཨ་ར་བྷི་ཡ་ལ་ཕེབས་དགོས་བྱུང་སྟེ་གྲོང་ཁྱེར་ཨག་རར་ཕེབས་རྒྱུ་ཕྱིར་འཐེན།


ད་རེས་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་རྒྱ་གར་ནང་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མཛད་འཆར་ལྟར་བྱས་ན་ ཟླ་བ་འདིའི་ཚེས་༢༦རེས་གཟའ་ཟླ་བའི་ཉིན་རྒྱ་གར་དམངས་གཙོའི་དུས་དྲན་སྲུང་བརྩི་ཞུས་པའི་སྐབས་སྲིད་འཛིན་ཨོ་བྷ་མ་སྐུ་མགྲོན་གཙོ་བོ་གནང་རྒྱུ་ཡིན་པ་དང་ དེ་རྗེས་རེས་གཟའ་མིག་དམར་གྱི་ཉིན། སྲིད་འཛིན་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཨག་རར་གཟིགས་ཞིབ་གནང་རྒྱུའི་མཛད་འཆར་ཡོད་ཀྱང་ ཉེ་སྔོན་ཨ་མི་རི་ཀའི་མཐུན་ཕྱོགས་ཁ་ཆེའི་རྒྱལ་ཁབ་སོ་ཊི་ཨ་ར་བྷི་ཡའི་རྒྱལ་པོ་སྐུ་གཤེགས་པརབརྟེན་ སྲིད་འཛིན་མཆོག་སོ་ཊི་ཨ་ར་བྷི་ཡའི་ནང་ཕེབས་དགོས་ཆགས་པའི་རྐྱེན་གྱིས། རྒྱ་གར་གྱི་གྲོང་ཁྱེར་ཨག་རར་ཕེབས་རྒྱུའི་མཛད་འཆར་ཕྱིར་འཐེན་གནང་དགོས་བྱུང་ཡོད་པར་ཐུགས་ཕམ་བྱུང་ཡོད་ལུགས་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG