ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གཅན་གཟན་གྱི་པགས་པ་དང་བོད་ལྗོངས་ཀྱི་འཐུས་མི།


(VOT Photo)
(VOT Photo)

བོད་ལྗོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞེས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གཉིས་ཚོགས་དུས་རིམ་པའི་སྐབས་སུ་བོད་པ་ཏང་ཡོན་དང་མི་དམངས་ཀྱི་འཐུས་མི་ཚོས་གཟིག་དང་སྲམ། ཝ་ཞྭ་བཅས་གཅན་གཟན་དང་རི་དྭགས་ཀྱི་པགས་པ་གྱོན་ཏེ་ཚོགས་ཞུགས་བྱས་ཡོད་ཅིང་། དེ་ལ་བོད་པ་ཚོས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། བོད་ལྗོངས་མི་དམངས་དྲ་བ་ཞེས་པའི་གཞུང་འབྲེལ་གྱི་དྲ་རྒྱའི་སྟེང་དུ་ཡང་དེའི་སྐོར་གྱི་གསར་འགྱུར་རྩོམ་ཡིག་ཅིག་སྤེལ་འདུག ཡང་ཐེངས་འདིའི་བོད་ལྗོངས་ཀྱི་ཏང་ཡོན་དང་མི་དམངས་འཐུས་མི་ཚོས་ཝ་ཞྭ་དང་སྲམ། གཟིགས་པགས་སོགས་ཀྱི་རྒྱན་གོས་གྱོན་ཏེ་ཚོགས་འདུར་ཞུགས་པ་དེའི་ཐད་ལ་པོད་འཕྲིན་གཙོར་བྱས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་བོད་པ་ཚོས་ཁ་རྡུང་དྲག་པོ་གཏོང་བ་དང་ཆབས་ཅིག བོད་པ་ཏང་ཡོན་དང་འཐུས་མི་དེ་ཚོས་བོད་རིགས་མང་ཚོགས་ཀྱི་འཐུས་ཚབ་གཏན་ནས་བྱེད་མི་ཐུབ་པ་དང་། ཁོ་ཚོ་བོད་པའི་བསམ་བློ་དང་གོམས་གཤིས་ལ་ཁ་གཏད་དུ་ལངས་ཡོད། རྒྱལ་ཁབ་ཀྱིས་ཀྱང་རྟག་ཏུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་ཡོད་པས། ཐེངས་འདིར་སྲིད་གཞུང་གི་ཚོགས་འདུར་རི་སྐྱེས་སྲོག་ཆགས་གཅན་གཟན་ལ་སོགས་པའི་པགས་རིགས་ཀྱིས་བཟོས་པའི་རྒྱན་གོས་སྤྲས་པར་འགན་ལེན་བྱ་དགོས། རྒྱ་ནག་གི་གསར་འགྱུར་བརྙན་འཕྲིན་དང་དྲ་ལམ་ཁག་ཏུ་གཅན་གཟན་དང་རི་དྭགས་ཀྱི་པགས་པ་གྱོན་པའི་འཐུས་མི་ཚོ་ཡང་ནས་ཡང་དུ་དམིགས་སུ་བཀར་ནས་བསྟན་པ་དང་། ཁོ་ཚོ་ཆེད་དུ་འདྲ་པར་གསར་འགྱུར་དུ་སྤེལ་སོང་བ་སོགས་ནི་བོད་པ་མང་ཚོགས་ཀྱི་བློ་ལ་མི་ཤོང་བའི་གནས་ཚུལ་ཞིག་རེད་ཅེས་བོད་པ་ཚོས་གླེང་སློང་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG