ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་གྱི་གྲོས་ཚོགས་སུ་ཟིང་ཆ་ལངས་པ།


ཉེ་ཆར་བལ་ཡུལ་ལ་ངོ་རྒོལ་ལས་འགུལ་སྤེལ་པ་དང་། གཟའ་མིག་དམར་ཉིན་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་ཟིང་ཆ་ལངས་ནས་ཚོགས་གཙོ་ལ་བཅའ་ཁྲིམས་ཟིན་བྲིས་གཏན་འབེབས་བྱ་ཕྱོགས་ཀྱི་གསུང་བཤད་གནང་དུ་མ་བཅུག་པ་མ་ཟད། ཕྱོགས་འགལ་ཚོགས་པའི་འཐུས་མི་ཚོས་རྐུབ་ཀྱག་སོགས་གཡུགས་ནས་ངོ་རྒོལ་གྱི་རྣམ་འགྱུར་དྲག་པོ་བསྟན་པས་བལ་ཡུལ་གྱི་གྲོས་ཚོགས་ཚགས་དུས་སྐབས་སུ་ཟང་ཟིང་གི་གནས་ཚུལ་ཚབས་ཆེན་ཞིག་བྱུང་འདུག བལ་ཡུལ་ལ་དེ་སྔ་ལོ་མང་རིང་དམར་ཤོག་པ་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་པའི་ཟིང་འཁྲུག་དང་དེའི་རྗེས་སུ་དམངས་གཙོའི་ལམ་ལུགས་ལ་བསྒྱུར་ནས་སྲིད་དོན་ཚོགས་པ་ཁག་མི་མཐུན་པའི་འགལ་ཟླ་བྱུང་སྟེ། བལ་ཡུལ་གྱི་རྒྱལ་ནང་ལ་ མི་མང་སྤྱི་དང་། ལྷག་པར་དུ་བལ་ཡུལ་གྱི་ས་ཐོག་ཏུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོར་དམིགས་གསལ་གྱི་དཀའ་ངལ་འཕྲད་སྲིད་པའི་ཉེན་ཀ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG