ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་ནག་གི་བཟོ་བའི་ཐོབ་ཐང་དོན་གཉེར་པར་སྡིགས་སྐུལ།


རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་སོང་བ་དང་། བཟོ་བའི་ལས་བཤོལ་ངོ་རྒོལ་དང་བཟོ་བའི་ཐོབ་ཐང་དོན་གཉེར་པ་ཚོར་རྒྱ་གཞུང་གི་ཉེན་རྟོག་པས་སྡིགས་ར་བསྐུལ་རྒྱུ་ཇེ་མང་དུ་སོང་སྟེ། ཕྱི་ལོ་༢༠༡༥་འདིར་རྒྱ་ནག་གི་བཟོ་བ་ཚོས་ལས་མཚམས་བཞག་ནས་ངོ་རྒོལ་བྱ་རྒྱུ་ཇེ་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བཟོ་བའི་ཐོབ་ཐང་དོན་གཉེར་པ་ཚོས་ཕྱི་རྒྱལ་གྱི་རོགས་དངུལ་ལེན་མི་ཆོག བཟོ་བའི་ཐོབ་ཐང་ལ་འབྲེལ་བ་ཡོད་པའི་རྩོད་གཞི་ཡོད་དོ་ཅོག་གཞུང་གི་ལས་རྩོལ་པའི་མཐུན་ཚོགས་བརྒྱུད་ནས་ཐག་གཅོད་བྱ་དགོས་ཞེས་བཀའ་བཏང་ཡོད་པས། རྒྱ་ནག་གི་བཟོ་བའི་ཐོབ་ཐང་དོན་གཉེར་པ་ཚོར་སྔོན་ཆད་བྱུང་མྱུང་མེད་པའི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG