ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཡེ་ཤུའི་བླ་ཆེན་མཆོག་དང་༸གོང་ས་མཆོག་མཇལ་འཕྲད་གནང་སྲིད་པ།


ཡེ་ཤུའི་བླ་ཆེན་སྤོབ་མཆོག་གིས་ཕྱི་ཟླ་༡༢ ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མི་གནང་བ་དེ་རྒྱ་ནག་གི་གནོན་ཤུགས་ལ་བསྟུན་ནས་ཐག་གཅོད་གནང་བ་ཞིག་མ་ཡིན་ཞེས་གསུངས་འདུག ཕྱི་ཟླ་༡ ཚེས་༢༠ ཉིན་བླ་ཆེན་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པར་རྒྱུན་ལྡན་འགྲོ་ལུགས་ལྟར་གྲོང་ཁྱེར་རཱོམ་དུ་རྒྱལ་སྤྱིའི་ཚོགས་ཆེན་དུ་ཕེབས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གྲགས་ཅན་མཐོ་རིམ་མི་སྣར་མཇལ་འཕྲད་གནང་རྒྱུའི་སྲོལ་མེད་རེད་ཅེས་གསུངས་པ་དང་། དེ་ལྟར་མཇལ་འཕྲད་མི་གནང་པའི་དཔེ་མཚོན་ཞིག་ཀྱང་གསུངས་འདུག། བླ་ཆེན་མཆོག་གིས་༸ གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཚེས་གྲངས་གཏན་འབེབས་གནང་ཟིན་ཡོད་ཀྱང་ད་ལྟའི་སྐབས་སུ་མ་རེད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG