ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་གྱི་སྲི་ཞུ་ལས་དོན་གྱི་གསུང་བཤད་གནང་གི་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མས་དེ་རིང་རེས་གཟའ་མིག་དམར་དགོང་དྲོ་ཨ་རིའི་གྲོས་ཚོགས་དང་རྒྱལ་ཡོངས་མི་མང་ལ་གཟུགས་མཐོང་བརྙན་འཕྲིན་ཐོག་ལོ་རེའི་སྲི་ཞུ་ལས་དོན་སྙན་སྒྲོན་ཞུ་རྒྱུའི་ཁོངས་སུ་དེང་སྐབས་ཨ་མི་རི་ཀའི་ནང་དཔལ་འབྱོར་གནས་སྟངས་བསྐྱར་གསོ་ཡོང་གི་ཡོད་པ་དེའི་སྐོར་གསལ་སྟོན་གནང་གི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། དེ་བཞིན་་འབྱོར་ལྡན་པ་ཚོར་དཔྱ་ཕྲལ་འཕར་མ་འགེལ་དགོས་པའི་སྐོར་དང་། དེང་སྐབས་ཨ་མི་རི་ཀའི་ནང་བཟོ་ལས་ཁག་རྒྱ་སྐྱེད་གཏོང་རྒྱུས་མཚོན་པའི་ མི་མང་དཀྱུས་མ་རྣམས་ལ་སློབ་ཡོན་ཆག་ཡང་གཏོང་རྒྱུའི་སྐོར་གྱི་ལས་འཆར་ཁག་ཅིག་གསལ་སྟོན་གནང་གི་ཡོད་པའི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG