ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་གར་དང་ཉི་ཧོང་ཀྱིས་ཆབ་སྲིད་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏང་རྒྱུའི་གྲོས་མཐུན།


ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གསར་པ་ཀི་ཤི་རྡ་ཡིས་ཉེ་དུས་རྒྱ་གར་ནང་འཚམས་འདྲི་གཟིཌ་སྐོར་གནང་སྟེ་རྒྱལ་ཁབ་གཉིས་དབར་ཆབ་སྲིད་དང་སྲུང་སྐྱོབ་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏང་རྒྱུར་མོས་མཐུན་བྱུང་ཡོད་པ་དང་། ཁོང་གི་གཟིཌ་སྐོར་དེ་ནི། ཉི་ཧོང་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོའི་ནང་སྲིད་བློན་ཨཱ་བྷེ་མཆོག་ལ་རྒྱལ་ཁ་ཆེན་པོ་ཐོབ་པའི་རྗེས་ ཡུལ་དེའི་ཕྱི་སྲིད་བློན་ཆེན་དུ་བསྐོ་གཞག་བྱུང་སྟེ་ཕྱི་རྒྱལ་ལ་གཟིཌ་སྐོར་ལ་ཕེབས་པ་ཐོག་མ་དེ་ཡིན་པ་དང་། ཁོང་གིས་ཉི་ཧོང་རྒྱ་གར་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏང་རྒྱུར་ཉི་ཧོང་གིས་གལ་འགངས་ཆེན་པོར་བརྩི་གི་ཡོད་ཅེས་གསུངས་ཡོད།

XS
SM
MD
LG