ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཡུ་རོབ་དང་ཨ་རིའི་བདེ་འཇགས།


དབྱིན་ཇིའི་སྲིད་བློན་ཌི་ཝི་ཌི་ཁེམ་རུན་ལ་ཨ་མི་རི་ཀའི་སི་བི་ཨེ་སི་བརྙན་འཕྲིན་ལས་ཁང་གི་བཅར་འདྲི་ཞུས་པ་དང་། ཁོང་གིས་དབྱིན་ཡུལ་ལ་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། ང་ཚོར་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཕོག་སྲིད་པའི་ཉེན་ཀ་ཡང་ཆེན་པོ་ཡོད་ཅེས་བཤད་འདུག

འཇིགས་སྐུལ་གྱི་ངོ་བོར་འགྱུར་བ་ཐེབས་ཀྱི་ཡོད་ཀྱང་རྩ་བ་གཅིག་ལ་ཐུག་ཡོད། དེ་ནི་མཐའ་ལྷུང་རིང་ལུགས་དང་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཡིན། འཇིགས་སྐུལ་གྱི་རྣམ་པ་དེར་འགྱུར་བ་ཐེབས་པ་དང་སྒྱུར་གྱི་ཡོད་སྲིད། ཡིན་ནའང་མཐར་གཏུགས་ན་འཇིགས་སྐུལ་དེའི་འབྱུང་རྩ་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཞིག་ལ་གོ་བ་ལོག་སྒྲུབ་བྱས་པ་དང་། མིའི་ཚེ་སྲོག་ལ་རྔམ་པའི་ཆོས་ལོག་བསྟེན་པ་དེར་ཐུག་ཡོད།།

སྲིད་བློན་ཁེམ་རུན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། མཐའ་ལྷུང་རིང་ལུགས་ལ་ཁ་གཏད་གཅོག་པར་དུས་ཡུན་རིང་པོ་འགོར་རྒྱུ་དང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ང་ཚོས་ཨི་རཀ་དང་སི་རི་ཡ་ནས་ཡོང་བའི་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱ་རྒྱུར་དུས་ཡུན་རིང་པོ་འགོར་སྲིད། དེང་སྐབས་ང་ཚོས་སྡུག་རུས་ཆེན་པོ་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཀྱང་ང་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་པུས་དེ་ལ་འཐབ་རྒོལ་བྱ་ཐུབ་ཐབས་མེད། ཨི་རཀ་དང་སི་རི་ཡ་གཉིས་ལ་སྲིད་གཞུང་བརྟན་པོ་རེ་བཙུགས་ནས་འགོ་ཁྲིད་དེ་ཚོ་ཁྲིམས་མཐུན་གྱི་ལམ་ནས་བསྐོ་བཞག་བྱ་དགོས། དེ་འདྲ་བྱུང་ན་ང་ཚོས་ཨི་རཀ་དང་སི་རི་ཡའི་འགོ་ཁྲིད་ཚོར་རྒྱབ་སྐྱོར་བྱས་ནས་ཁ་ཆེའི་ཆོས་ལུགས་ལ་གོ་བ་ལོག་སྒྲུབ་བྱེད་པའི་རྩ་བ་གཏིང་ནས་གཅོད་ཐུབ་ཅེས་བཤད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG