ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་རྒྱབ་གཉེར་བྱས་པའི་འཛུགས་སྐྲུན་ལས་འཆར་ཁག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན།


སེང་ག་ལའི་དེ་སྔའི་སྲིད་འཛིན་གྱིས་རྒྱ་ནག་མཉམ་དུ་འཛུགས་སྐྲུན་ལས་འཆར་དང་འབྲེལ་བའི་གྲོས་མཐུན་མང་པོ་ཞིག་བཞག་ཡོད་པ་དང་། དེ་ཚོའི་ཁོངས་ནས་ལས་གྲྭ་ཆེ་ཤེས་གཅིག་ནི། རྒྱལ་ས་ཀོ་ལོམ་པོའི་ཉེ་འཁྲིས་སུ་གྲུ་གཟིངས་བབ་ཚུགས་ཤིག་གསར་རྒྱག་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ད་ཆ་ཡུལ་དེའི་སྲིད་གཞུང་གསར་བས་རྒྱ་གཞུང་མཉམ་དུ་བཞག་པའི་ཚོང་འབྲེལ་གྱི་འགན་རྒྱ་ཁག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་ཅིང་། གོང་ཞུས་ཐག་གཅོད་དེ་ནི། ཉེ་ལམ་ཡུལ་དེའི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་པོ་ཚར་བའི་གཟའ་འཁོར་གཅིག་གི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང། ཐག་གཅོད་འདིར་ཁྱིམ་མཚེས་རྒྱ་གར་དང་ནུབ་ཕྱོགས་ཡུལ་ཁག་ཚོས་མོས་མཐུན་དང་དགའ་མོས་ཡོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་ཕྱི་ཚོང་དང་ནང་འདྲིན་གྱི་དངོས་ཟོག་མང་ཆེ་བ་སེང་ག་ལ་བརྒྱུད་ནས་འགྲོ་གི་ཡོད་པ་དང་། ལྷག་པར་དུ། ལས་གྲྭ་འདི་རྒྱ་གར་གྱི་སྐམ་ས་དང་རྒྱང་ཐག་ཧ་ཅང་ཉེ་པོ་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས། རྒྱ་གཞུང་གིས་རོགས་རམ་བྱས་པའི་ལས་གྲྭ་འདིར་རྒྱ་གར་གཞུང་གིས་བློ་འཚབ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་རེད། སྔ་ལོ་ཤི་རི་ལན་ཀ་གཞུང་གིས་ རྒྱ་ནག་གཞུང་གི་མཚོ་འོག་གྲུ་གཟིངས་ཤིག་ཡུལ་དེའི་གྲུ་ཁར་འབབས་བཅུག་པར་ རྒྱ་གར་གཞུང་མི་འདོད་པ་ཆེན་པོ་བྱུང་ཡོད་པ་རེད།

XS
SM
MD
LG