ངོ་འཕྲད་བདེ་བའི་དྲ་འབྲེལ།

གཉན་འཇོམས་སྨན་ཟ་མང་བའི་རྐྱེན་གྱིས་སྨན་གྱི་ནུས་པ་ཐོན་མི་ཐུབ་པ་འགྱུར་བཞིན་པ།


དབྱིན་ཇིའི་ནང་antibiotic ཟེར་བ་དང་རྒྱ་སྐད་དུ་抗生素 ཟེར་བའི་གཉན་འཇོམས་སྨན་གྱིས་ད་བར་མིའི་འཕྲོད་བསྟེན་ལ་ཕན་ནུས་ཆེན་པོ་ཐོན་སྤྲོད་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་དེ་གང་བྱུང་དུ་ཟ་མང་དྲགས་པའི་རྐྱེན་གྱིས་ད་ལྟ་གཉན་འབུ་རྣམས་སྨན་དེ་ལ་གོམས་ནས་སྨན་དེའི་ཕན་ནུས་ཐོན་མི་ཐུབ་པར་འགྱུར་བཞིན་ཡོད་པ་འཛམ་གླིང་འཕྲོད་བསྟེན་ཚོགས་པས་སེམས་འཚབ་བྱེད་ ཀྱི་ཡོད་པ་རེད། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG