ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་དང་རྒྱ་ནག་གཉིས་མཚོའི་གནད་དོན་དང་འབྲེལ་བའི་གྲོས་མོལ་སླར་གསོ་བྱས་ཡོད་པ།


ཉི་ཧོང་དང་རྒྱ་ནག་གི་དབར། མཚོ་གླིང་བདག་དབང་གི་གནད་དོན་ཐད། རྩོད་རྙོག་ཡོད་པའི་ས་ཁུལ་ཁག་གི་གཡས་གཡོན་དུ་ཡུལ་གྲུ་ཕྱོགས་གཉིས་ཐད་ ནས་གྲུ་གཟིངས་བཏང་པའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པར་བརྟེན། མ་འོངས་པར་ཕྱོགས་ཕན་ཚུན་མཚོའི་གནད་དོན་དང་འབྲེལ་བའི་འཁྲུག་འཛིང་གི་རིགས་མི་ཡོང་སྔོན་འགོག་བྱ་ཐབས་སུ་དམིགས་ཏེ། ཕན་ཚུན་ཛ་དྲག་གི་ངང་ཁ་དཔར་ཐོག་ནས་གྲོས་མོལ་བྱ་རྒྱུའི་འབྲེལ་ལམ་གསར་འཛུགས་བྱ་ཐབས་ཇི་དགེའི་ཐད། ཉི་ཧོང་དང་རྒྱ་ནག་གིས་རེས་གཟའ་ཟླ་བའི་ཉིན་གྲོས་མོལ་སླར་གསོ་བྱས་ཡོད་པ་རེད། ཉི་ཧོང་གི་གསར་འགྱུར་ལས་ཁང་དང་། དེ་མིན་ཉི་ཧོང་གི་རླུང་འཕྲིན་ལས་ཁང་ཁག་གིས་གནས་ཚུལ་སྤེལ་དོན་བྱས་ན། ཕྱི་ལོ་༢༠༡༢ ནས་བཟུང་གྲོས་མོལ་བྱས་པའི་གནས་ཚུལ་ཐོག་མ་འདི་བཞིན་ཉི་ཧོང་གི་རྒྱལ་ སའི་ནང་བྱས་ཡོད་འདུག ཉི་ཧོང་གཞུང་གིས་གྲོས་མོལ་སྐོར་གྱི་ ཞིབ་ཕྲའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་གནང་མེད་པ་རེད།

XS
SM
MD
LG