ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡ་དང་སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་གྱི་སྒོ་མོ་ཕྱེ་ཡོད་ལུགས་བརྗོད།


ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ བྱང་ཀོ་རི་ཡའི་འགོ་ཁྲིད་དང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་བྱེད་འདོད་ཡོད་ལུགས་བརྗོད་ཡོད་ཀྱང་ བྱང་ཀོ་རི་ཡའི་ཉེན་འཚབ་སྔོན་འགོག་བྱེད་པའི་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོང་གི་ཁྲིམས་གཞི་དེ་མེད་ཐབས་མེད་པར་བརྟེན་ ཁྲིམས་གཞི་དེ་མུ་མཐུད་ནས་གནས་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད་ ཀོ་རི་ཡ་ཕྱེད་གླིང་གི་ནང་ཞི་བདེ་བསྐྲུན་རྒྱུའི་དོན་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་གྱི་ལས་གཞི་མཚམས་འཇོག་བྱ་རྒྱུ་དེ་ནི་ལྷོ་བྱང་གཉིས་ཕན་ཚུན་གྲོས་མོལ་བྱ་རྒྱུའི་གནད་དོན་གཙོ་བོ་ཞིག་ཆགས་ཀྱི་ཡོད་ཅིང་ འོན་ཀྱང་གནད་དོན་དེ་ནི་གྲོས་མོལ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་སོགས་གང་ཡང་མིན་པ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་ཡོད་པ་རེད།

XS
SM
MD
LG