ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བཟའ་ཚང་ས་ཡ་གཅིག་གིས་ཕྲུག་གུ་གཉིས་པ་སྐྱེ་ཆོག་པའི་ཆོག་མཆན་ཞུས་པ།


སྤྱི་ལོ་༢༠༡༣ལོའི་ལོ་མཇུག་ལ་རྒྱ་ནག་གཞུང་གིས་འཆར་ལྡན་བུ་བཙའི་ཀྱི་སྲིད་ཇུས་ལ་བསྒྱུར་བཅོས་བཏང་སྟེ་ཆ་རྐྱེན་ལྡན་པའི་འོག་ཕྲུག་གུ་གཉིས་པ་དེ་སྐྱེ་ཆོག་པ་ཁྱབ་བསྒྲགས་བྱས་པའི་རྗེས་ལ། རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་པར་གཞིགས་ན་ད་ཆ་རྒྱ་ནག་ནང་ཕྲུག་གུ་སྐྱེ་ཆོག་པའི་ཆོག་མཆན་ཞུ་མཁན་བཟའ་ཚང་ས་ཡ་གཅིག་ཙམ་བྱུང་ཡོད་འདུག

དེ་རིང་ཤིང་ཧཱ་གསར་ཁང་ལ་སོགས་པས་གནས་ཚུལ་སྤེལ་བའི་ནང་དུ་ རྒྱ་ནག་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་པར་གཞིགས་ན་འཆར་ལྡན་བུ་བཙའི་སྲིད་ཇུས་ལ་འགྱུར་བ་བཏང་བ་ནས་བཟུང་ད་བར་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་གི་ཕ་མ་ས་ཡ་གཅིག་བརྒལ་བས། ཕྲུག་གུ་གཉིས་པ་དེ་སྐྱེ་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་ འདི་ནི་དང་ཐོག་ཚོད་དཔག་བྱས་པའི་བརྒྱ་ཆ་དང་བསྡུར་ན་ཅུང་ཙམ་ཉུང་བ་ཆགས་ཡོད། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་ཐོག་མར་ལོ་རེ་ལ་ཕྲུག་གུ་གཉིས་པ་སྐྱེ་ཆོག་པའི་ཆོག་མཆན་ཞུ་མཁན་བཟའ་ཚང་ས་ཡ་གཉིས་ལས་བརྒལ་བ་འབྱུང་ངེས་པའི་ཚོད་དཔག་བྱས་ཡོད་འདུག

ཡང་དབྱེ་ཞིབ་པ་ཚོས་བརྗོད་དོན་དཔལ་འབྱོར་དང་ ལས་ཀ་སོགས་འགྲན་རྩོད་ཀྱི་ལོ་རབས་འདིའི་ནང་དུ་རྒྱ་ནག་གིས་འཆར་ལྡན་བུ་བཙའི་ལམ་ལུགས་འགྱུར་བཅོས་བཏང་བ་ཕྱི་དྲགས་ཡོད་པ་རེད། དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ནང་གི་ཕ་མ་ཚོས་ཕྲུག་གུ་གཉིས་པ་སྐྱེ་ཆོག་པའི་ཆོག་མཆན་ཞུ་མཁན་བརྒྱ་ཆ་དང་གྲངས་ཀ་མང་ཉུང་རེའུ་མིག་ལ་ཕབ་སྟེ་ཞིབ་བསྡུར་བྱས་ཡོད་པའི་ཁྲོད་ནས། ཕྲུག་གུ་སྐྱེས་བསྲིངས་བྱ་བར་འགྲོ་གྲོན་ཆེན་པོ་ཡིན་པ་ལ་བརྟེན་ནས་ཕྲུག་གུ་གཉིས་པ་སྐྱེ་བར་བློ་འཚབ་སྐྱེ་བཞིན་ཡོད་པ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG