ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས་ཉིན་སེང་ག་ལའི་སྲིད་འཛིན་འོས་འདེམས་ཀྱི་འོས་ཤོག་རྣམས་གྲངས་ཀ་བརྒྱབ་ཚར་མེད་ཀྱང་། སྲིད་འཛིན་ལས་ཐོག་ར་ཇི་པཀ་ས་སྲིད་འཛིན་གྱི་བཞུགས་སྒར་ནས་སྤོར་པ་དང་། ཁོང་གིས་རང་གི་ཁ་གཏད་པ་སི་རི་སེ་ནར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་ངོས་ལེན་བྱས་པ་མ་ཟད། སེང་ག་ལའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པའི་འགོ་ཁྲིད་ལ་ངས་མི་མང་གི་འདོད་མོས་དེར་བརྩི་འཇོག་བྱ་རྒྱུ་དང་སེང་ག་ལའི་སྲིད་དབང་ཞི་འཇམ་གྱི་སྒོ་ནས་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་སྙན་གསེང་ཞུས་ཏེ། སྐུ་ཞབས་ར་ཇི་པཀ་སས་ལོ་ངོ་བཅུ་ཕྲག་གཅིག་ལ་སེང་ག་ལའི་སྲིད་དབང་བཟུང་བ་མཇུག་བསྒྲིལ་ཡོད་ཅིང་། ད་ལྟ་སེང་ག་ལའི་རྒྱལ་ས་ཀོ་ལོམ་བྷོར་དགའ་སྟོན་གྱི་རྣམ་པས་ཁེངས་ཏེ། སེང་ག་ལའི་འདེམས་ཐོན་སྲིད་འཛིན་སི་རི་སེ་ནའི་རྒྱབ་སྐྱོར་པ་ཚོས་ཤོག་སྦག་རྒྱག་གི་ཡོད་པ་པ་དང་། རང་ལོ་༦༣་ལ་སོན་པའི་སྐུ་ཞབས་སི་རི་སེ་ན་སྲིད་འཛིན་ར་ཇི་པཀ་སའི་སྲིད་གཞུང་གི་ཁོངས་སུ་མཐོ་རིམ་བློན་ཆེན་གྱི་གྲས་ཤིག་ཡིན་རུང་། ཁོང་གཞུང་འཛིན་ཚོགས་པའི་ཁོངས་ནས་ལོགས་སུ་ཐོན་ཏནས་སྲིད་འཛིན་ར་ཇི་པཀ་སར་འོས་འདེམས་སྐབས་སུ་ཁ་གཏད་བཅགས་པ་དང་། ད་ལོ་སྐུ་ཞབས་སི་རི་སེ་ནར་སེང་ག་ལའི་གྲངས་ཉུང་མི་རིགས་ཁག་དང་ཆོས་ལུགས། མར་ཁེ་སིའི་རིང་ལུགས་པ་དང་གཡས་དཀྱིལ་ཚོགས་པ་སོགས་ཆོས་ལུགས་དང་མི་རིགས། སྲིད་དོན་ཚོགས་པ་ཁག་བཅས་ཚོགས་སྡེ་སྣ་མང་ཞིག་གིས་རྒྱབ་སྐྱོར་བྱས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་འདུག

XS
SM
MD
LG