ངོ་འཕྲད་བདེ་བའི་དྲ་འབྲེལ།

འདས་མ་ཐག་པའི་ཕྱི་ཟླ་བཅུ་གཉིས་པའི་ནང་ཨ་མི་རི་ཀ་བ་ལས་མེད་ཀྱི་ཐོབ་ཆ་གསར་དུ་ཞུ་གཏུགས་བྱེད་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་མ་ཟད་ ལས་ཀ་ཉུང་དུ་སོང་བའི་གྲངས་འབོར་ཡང་ཉུང་དུ་ཕྱིན་ཡོད་པ་སོགས་ཀྱི་གནས་ཚུལ་ལ་བརྟེན་ནས་ ལས་རྩོལ་བའི་ཁྲོམ་ར་བཟང་དུ་འགྲོ་གི་ཡོད་པའི་རྣམ་པ་ཞིག་ཡོད་པ་དང་ ཁ་ས་རེས་གཟའ་ཕུར་བུའི་ཉིན་བཏོན་པའི་ཨ་མི་རི་ཀའི་དཔལ་འབྱོར་སྙན་ཐོ་དེ་ཡིས་ གོ་ལའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་མིན་ལ་མ་ལྟོས་པར་ འདི་ག་ཨ་མི་རི་ཀའི་ནང་འཛད་སྤྱོད་མཁན་གྱི་འགྲོ་གྲོན་མང་པོ་བཏང་བའི་གནས་ཚུལ་ལ་བརྟེན་ནས་ དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་གི་ཡོད་པའི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སོགས་ གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG