ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མས་ཀི་སོ་ཊོན་ཞེས་པའི་ལྕགས་མདོང་གསར་སྐྲུན་གྱི་གྲོས་འཆར་དེ་བཀག་འགོག་བྱ་རྒྱུ་ཡིན་པ།


གལ་ཏེ་ ཨ་རིའི་གྲོས་ཚོགས་ཀྱིས་ ཀི་སོ་ཏོན་ཞེས་པའི་རྡོ་སྣུམ་འདྲེན་བྱེད་ཀྱི་ལྕགས་མདོང་གསར་སྐྲུན་བྱ་རྒྱུའི་གྲོས་འཆར་དེ་གཏན་འབེབས་བྱས་པ་ཡིན་ན། སྲིད་འཛིན་བྷ་རག་ ཨོ་བྷ་མ་མཆོག་གིས་། གྲོས་འཆར་དེར་མོས་མཐུན་གྱི་མཚན་རྟགས་འགོད་ཀྱི་མ་རེད་ཅེས་ ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་རེས་གཟའ་མིག་དམར་ཉིན་གསུངས་ཡོད་པ་རེད། ཨ་མི་རི་ཀའི་སྤྱི་མཐུན་ཆབ་སྲིད་ཚོགས་པས་ ཨ་རིའི་གྲོས་ཚོགས་གོང་འོག་གཉིས་འཐུས་མི་གྲངས་མང་གི་ཐོག་ནས་སྟངས་འཛིན་བྱེད་འགོ་བཙུགས་པ་དང། དུས་མཚུངས། སྲིད་འཛིན་གྱི་ལས་ཁུངས་ཀྱིས་གོང་ཞུས་ཐག་གཅོད་དེ་གནང་བ་ཞིག་ཡིན་ཞིང། སྤྱི་མཐུན་ཚོགས་ཁོངས་ཀྱི་འགོ་ཁྲིད་ཚོས་ ཀེ་ན་ཊ་ནས་ཨ་རིའི་ས་ཐོག་ཏུ་རྡུ་སྣུམ་འདྲེན་བྱེད་ཀྱི་ལྕགས་མདོང་དེ་གང་མྱུར་གསར་སྐྲུན་བྱ་རྒྱུའི་གྲོས་འཆར་ཞིག་གཏན་འབེབས་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པ་དང། རེས་གཟའ་མིག་དམར་ཉིན་ གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱིས་དངོས་སུ་ལྕགས་མདོང་གསར་སྐྲུན་གྱི་གྲོས་འཆར་ཞིག་ངོ་སྤྲོད་གནང་ཡོད་པ་རེད།

XS
SM
MD
LG