ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧྥ་རན་སི་ལ་གཏོར་རྒོལ།


ཕྱི་ཟླ་དང་པོའི་ཚེས་༧་ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་འཇིགས་སྐུལ་རིང་ལུགས་པ་གཉིས་ཀྱིས་མེ་མདའ་བརྒྱབ་སྟེ། ཆར་ལི་ཧབ་དོ་ཟེར་པའི་ཟུར་ཟའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅུ་ཐམ་པ་དང་། དུས་དེབ་རྩོམ་སྒྲིག་ཁང་དེར་སྲུང་སྐྱོབ་བྱེད་མཁན་ཉེན་རྟོག་པ་གཉིས་བཅས་ཁྱོན་བསྡོམས་མི་༡༢་སྡེབ་གསོད་བྱས་ཡོད་ཅིང་། གཟའ་ཕུར་བུའི་ཉིན་ཧྥ་རན་སི་གཞུང་དམངས་གཉིས་ཀས་འཇིགས་སྐུལ་རིང་ལུགས་པ་ཚོས་བསད་པའི་གསར་འགོད་པ་དང་ཉེན་རྟོག་པ་འདས་པོ་དེ་དག་ལ་མྱ་ངན་བྱས་པ་དང་། འཇིགས་སྐུལ་རིང་ལུགས་པ་ཚོས་ནམ་ཡང་ཧྥ་རན་སིའི་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་ལ་བཀག་འགོག་བྱེད་མི་ཐུབ་ཅེས་མི་ཚོགས་འདུ་འཛོམ་བྱས་པ་མ་ཟད། ད་ལྟ་ཧྥ་རན་སིའི་གཞུང་གིས་ཁ་སང་གི་གཏོར་རྒོལ་ལ་འབྲེལ་བ་ཡོད་སྲིད་པའི་མི་སྣ་དོགས་ཅན་༧་འཛིན་བཟུང་བྱས་ཀྱང་། དུས་དེབ་རྩོམ་སྒྲིག་ཁང་དེར་གཏོར་རྒོལ་བྱེད་མཁན་ཕུ་ནུ་གཉིས་ཏེ། ཤེ་རིབ་ཁོ་འ་ཆི་དང་ས་ཡིཏ་ཁོ་འ་ཆི་གཉིས་ད་དུང་ཡང་འཛིན་བཟུང་བྱ་ཐུབ་མེད་པ་དང་། རང་ལོ་༡༨་སོན་པའི་མོ་རཏ་ཟེར་པའི་མི་སྣ་དོག་ཅན་ཞིག་གིས་ཉེན་རྟོག་པར་མགོ་བཏགས་པའི་གནས་ཚུལ་ཐོན་འདུག

ཧྥ་རན་སི་ལ་གཏོར་རྒོལ།
please wait

No media source currently available

0:00 0:03:50 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG