ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པེ་རི་སིའི་ནང་ངན་ཚབས་ཆེ་བའི་གཏོར་རྒོལ་བཏང་བར་ཨོ་བྷ་མས་སྐྱོིན་བརྗོད་དྲག་པོ་གནང་ཡོད་པ།


རེས་གཟའ་ལྷག་པའི་ཉིན་ཕྷ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཡོད་པའི་ཟུར་སའི་རི་མོ་དང་རྩོམ་ཡིག་འབྲི་རྩོམ་བྱེད་པའི་དུས་དེབ་ཅིག་གི་ལས་ཁུངས་ཀྱི་ནང་མེ་མདའ་གང་བྱུང་བརྒྱབས་ཏེ་གཏོར་རྒོལ་གྱི་ནང་ཉུང་མཐར་མི་༡༢ལ་སྲོག་སྐྱོན་བྱུང་བར་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མས་བྱ་སྤྱོད་དེ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ་ ཨ་མི་རི་ཀའི་ངོས་ནས་མི་གསོད་ལག་དམར་བ་དེ་དག་འཚོལ་ཞིབ་བྱ་རྒྱུར་རོགས་འདེགས་ག་རེ་བྱེད་དགོས་ཀྱང་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG