ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཕྷ་རན་སིའིརྒྱལ་སར་འཇིགས་སྐུལ་གྱི་རྒོལ་བརྡུང་།


གཟའ་ལྷག་པའི་ཉིན་ཕྷ་རན་སིའི་རྒྱལ་སར་ཟུར་ཟའི་དུས་དེབ་ཅིག་གི་ལས་ཁུངས་ནང་རྒོལ་བརྡུང་བཏང་སྟེ་ཉུང་མཐར་མི་༡༢ བསད་པ་དང་༡༡ ལ་རྨས་སྐྱོན་ཕོག་ཡོད་པ་དང་། གཞུང་གིས་འདི་ནི་འཇིགས་སྐུལ་བའི་རྒོལ་བརྡུང་ཡིན་པ་ཐེ་ཚོམ་མེད་ཅེས་ཚིག་ཐག་བཅད་དེ་བརྗོད་པ་མ་ཟད་ཛ་དྲག་ངང་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་ཡོད་པ་རེད། རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས། རྒོལ་བརྡུང་གཏོང་མཁན་རྣམས་རྗེས་འདེད་བཏང་སྟེ་ཁྲིམས་སར་སྐྱེལ་རྒྱུ་ཡིན་ཞེས་གསུངས་འདུག གཏོར་རྒོལ་བཏང་སའི་ལས་ཁུངས་ཀྱིས་བཏོན་པའི་དུས་དེབ་ཀྱི་ནང་། ཁ་ཆེའི་སྟོན་པར་ཟུར་ཟ་བྱས་པའི་རི་མོ་དུས་དཔར་འགྲེམ་བྱས་པའི་རྐྱེན་གྱིས། ༢༠༡༡ ལོར་དུས་དེབ་ཀྱི་ལས་ཁུངས་ཨ་མར་གཏོར་རྒོལ་བཏང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG