ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་ཕྱི་ཟླ་དང་པོའི་ཚེས་༧་ཉིན་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་གྲོས་ཚོགས་འཐུས་མི་ཚོར་གྲོས་གཞི་གསར་པ་ཞིག་ཕུལ་ཡོད་པ་དེར་འཁོད་པ་ལྟར་ན། ཧོང་ཀོང་གི་སྲིད་སྐྱོང་འོས་མི་རྣམས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མི་ཚོས་གདམ་སྒྲུག་བྱ་དགོས་པ་དེར་འགྱུར་བ་མེད་པ་དང་། ད་དུང་སྲིད་སྐྱོང་གི་འོས་མི་ལ་ཆ་རྐྱེན་ཅི་ཞིག་ཚང་དགོས་མིན། ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མི་ཚོ་གདམ་སྒྲུག་ཇི་ལྟར་བྱ་དགོས་མིན་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་དྲ་ལམ་ལ་འགྲེམ་སྤེལ་བྱས་འདུག དེར་བརྟེན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་༢༠་ལྷག་གིས་གྲོས་ཚོགས་ཁང་དུ་དམངས་གཙོའི་ལས་འགུལ་གྱི་མཚོན་རྟགས་ཉི་གདུགས་སེར་པོ་བཀར་ཏེ། ང་ཚོར་དམངས་གཙོའི་འོས་འདེམས་དགོས། ཧོང་ཀོང་གི་སྲིད་སྐྱོང་དམངས་གཙོའི་ལམ་ནས་འོས་འདེམས་ཟེར་པ་དམངས་གཙོ་རྫུན་མ་རེད་ཅེས་སྐད་འབོད་བྱས་ཏེ། ཁོང་ཚོ་གྲོས་ཚོགས་ཀྱི་ཚོགས་འདུར་མ་ཞུགས་པར་ཕྱི་ལ་ཐོན་ཡོད་པ་རེད།།

XS
SM
MD
LG