ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྟོན་པའི་སྐུ་བརྙན་ཞིག་ཨོ་སེ་ཀྲོ་ལི་ཡའི་འགྲེམས་སྟོན་ཁང་གིས་རྒྱ་གར་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ།


ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁྭེན་བྷེར་རའི་ནང་རྟེན་གཞི་བྱས་པའི་ ཨོ་སི་ཀྲི་ལི་ཡའི་རྒྱལ་ཡོངས་འགྲེམས་སྟོན་ཁང་ལ་བདག་པའི་ལོ་ངོ་ཉིས་སྟོང་ སྐོར་སོང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་རྡོ་སྐུ་ཞིག་ཡོད་པ་དེ། རྐུན་མས་བརྐུས་པ་ཡིན་པ་ཤེས་རྟོགས་བྱུང་པའི་རྗེས། རྒྱ་གར་ལ་ཕྱིར་ སློག་གནང་རྒྱུ་གནང་པ་ཡིན་པ་རེད། སྐུ་བཞུགས་གནང་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྡོ་སྐུ་དེ་ནི། ཕྱི་ལོ་ ༢༠༠༧ ལོའི་ ཀེ་རི་་པར་ཀར་་འདས་པོའི་བཟའ་ཟླ་་རོ་ཟི་ལེན་་པར་ཀར་ གྱིས་ཨོ་སེ་ཀྲི་ལི་ཡའི་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ཆེད་དུ་ཉོ་སྒྲུབ་བྱས་ པ་ཞིག་ཡིན་པ་རེད། དེ་ཡང་ཨ་མེ་རི་ཀའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་ ནང་བཅའ་དངོས་རྙིང་པ་ཚོང་བསྒྱུར་བྱེད་མཁན་ཞིག་ནས་ཨ་སྒོར་ས་ཡ་ གཅིག་སྤྲད་དེ་ཉོ་སྒྲུབ་བྱས་ཡོད་ཀྱང་། མཇུག་ཏུ་ཉོ་སྒྲུབ་བྱས་པའི་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་རྡོ་སྐུ་དེ་ནི། རྒྱ་གར་གྱི་གནའ་ བོའི་ཤུལ་རྫས་ཀྱི་བཅའ་དངོས་ཡོད་སའི་ས་ཁུལ་ཞིག་ནས་རྐུ་ལ་ཤོར་ཡོད་ པ་ཤེས་རྟོགས་བྱུང་པའི་རྗེས། ཨོ་སེ་ཀྲོ་ལི་ཡའི་གཞུང་གིས་སྐུ་བརྙན་དེ་ རྒྱ་གར་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པའི་སྐོར།

XS
SM
MD
LG