ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་བལ་ཡུལ་ལ་དོ་སྣང་བྱ་རྒྱུ་ཤུགས་ཇེ་ཆེ།


ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་པའམ། ཡང་ན་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་རེ་བལ་ཡུལ་ལ་ཟླ་བ་རེར་མཚམས་མ་ཆད་པར་ཕེབས་ཀྱི་ཡོད་ཅིང་། ཟླ་བ་སྔོན་མ་གཅིག་པུར་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་འཛུགས་ཁང་གི་བློན་ཆེན་གཞོན་པ་ཁྲེན་ཧྥེང་ཤཱང་བལ་ཡུལ་ལ་འཚམས་འདྲིར་ཕེབས་པ་མ་ཟད། ཁོང་རང་ཡུལ་ལ་ཕྱིར་ལོག་བྱས་མ་ཐག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝུ་དབྱི་བལ་ཡུལ་ལ་ཉི་མ་གསུམ་གྱི་འཚམས་འདྲིར་ཕེབས་པ་དང་། ཕྱི་ལོ་༢༠༡༥་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཡང་བལ་ཡུལ་ལ་འཚམས་འདྲིར་ཕེབས་རྒྱུ་གྲ་སྒྲིག་བྱེད་ཀྱི་ཡོད་འདུག ཡིན་ནའང་བལ་ཡུལ་ལ་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་རྒྱ་གར་གཞུང་གིས་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པའམ། ཡང་ན་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་བལ་ཡུལ་ལ་དོ་སྣང་དེ་ཙམ་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG