ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྟག་གི་ཐོན་སྐྱེད་དགོས་མཁོ་མང་དུ་ཕྱིན་ནས་སྟག་འཚོ་གནས་ཉེན་ཁའི་གནས་སུ་འགྱུར་བ།


རྒྱ་ནག་གི་ལྷོ་ཕྱོགས་ཀུའེ་ལིན་གྲོང་ཁྱེར་ནང་རྒྱ་ནག་གི་གཅན་གཟན་སྟག་གསོ་སྐྱོང་ཁང་ཆེ་ཤོས་དེ་ཡོད་པ་རེད། དེར་སྟག་གྲངས་བཞིས་འཁྲབ་སྟོན་བྱེད་བཞིན་པར་རྐུབ་སྟེགས་ཆིག་སྟོང་ཡོད་པ་དེར་ལྟད་མོ་བ་རྒྱ་མི་གཅིག་དང་། གསར་འགོད་པ་གཉིས་ལས་མེད་པ་རེད། ལྟད་མོ་སྟོན་སའི་རྭ་བའི་ཕྱིར་ལྕགས་རྭ་སྐོར་བའི་ནང་གཅན་གཟན་སྟག་མང་པོ་ཞིག་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་རེད། སྟག་གསོ་སྐྱོང་བྱེད་བཞིན་པར་བརྟེན་རྒྱ་ནག་ནང་རྒྱ་མི་འབྱོར་ལྡན་བ་རྣམས་ཀྱི་སྟག་གིས་རུས་པས་བཟོས་པའི་ཆང་འཐུང་བ་དང་། སྟག་པགས་བཏིང་བ་སོགས་ཀྱི་རྒྱས་སྤྲོད་བྱ་རྒྱུའི་སྲོལ་ངན་དར་བཞིན་ཡོད་པའི་རྐྱེན་གྱིས་གཅན་གཟན་སྟག་ཡུན་རིང་འཚོ་གནས་ཡོང་རྒྱུར་ཉེན་ཁ་ཆགས་ཡོད་པའི་སྐོར་རྒྱལ་སྤྱིའི་ཁོར་ཡུག་ཞིབ་འཇུག་བསྟི་གནས་ཁང་གིས་སྙན་ཐོའི་ནང་འཁོད་ཡོད་པའི་སྐོར།

XS
SM
MD
LG