ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་གནས་དབྱུང་།


རྒྱ་ནག་ལ་ཕྱི་སྲིད་བློན་ཆེན་གྱི་ལས་རོགས་ཞེས་མཚན་གནས་འཛིན་མཁན་བཞི་ཡོད་པའི་གཅིག་ཀྲང་ཁུན་ཧྲེང་ཡིན་ཞིང་། ཕྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ནང་དུ་གནས་ཚུལ་མདོར་བསྡུས་སྤེལ་པ་དེར་འཁོད་པ་ལྟར་ན། ཀྲང་ཁུན་ཧྲེང་གིས་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་པའི་དོགས་པ་ཡོད་ཅེས་ཁྱབ་བསྒྲགས་བྱས་ཏེ། ཁོང་རྒྱ་ནག་གི་ཕྱི་སྲིད་བློན་ལས་རོགས་ཀྱི་མཚན་གནས་ནས་གནས་དབྱུང་བཏང་འདུག རྒྱ་ནག་གཞུང་གིས་སྒྲིག་ཁྲིམས་འགལ་འཛོལ་ཟེར་པ་དེར་གོ་བ་གང་འདྲ་ཞིག་ལེན་དགོས་མིན་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་ཀྱང་། ཐོག་མར་སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་བའི་ནག་ཉེས་ཐོག་ཏུ་གནས་དབྱུང་བཏང་བའི་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ཕྱིས་སུ་ལྐོག་ཟ་བྱས་པའི་ནག་ཉེས་ཐོན་ཡོད་པས། ཀྲང་ཁུན་ཧྲེང་གིས་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་པ་རེད་ཟེར་པ་དེ་ཡང་ལྐོག་ཟ་བྱས་པའི་ནག་ཉེས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG